༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་སྦེལ་ཀོབ་དང་། ཧུན་སུར། ཀོ་ལི་གྷལ། མེན་པཊ། དོན་གྲུབ་གླིང་། བྷ་ལུ་ཝ་ལ། སྦིར། ཅོན་ཏ་ར་བཅས་ཀྱི་བོད་མིའི་གཞིས་ཆགས་ཁག་གི་གཞིས་མི་རྣམས་ལ་མཆིན་ནད་དུག་ཐབས་ཁ་པ་དང་ག་པའི་ནད་གཞིའི་ཐོག་ཉམས་ཞིབ་དང་སྨན་བཅོས་གནང་འགོ་བཙུགས་ཡོད། རིན་མེད་བརྟག་དཔྱད་བརྒྱུད་ནད་གཞི་ཡོད་རིགས་ལ་སྨན་བཅོས་བྱེད་དགོས་མིན་བརྟག་དཔྱད་རིམ་པ་བྱ་རྒྱུ་རེད་འདུག་ལ། ནད་གཞི་མེད་མཁན་རྣམས་ལ་མཆིན་ནད་དུག་ཐབས་སྔོན་འགོག་ཁབ་བརྒྱབ་རྒྱུ་རེད་འདུག
སྤྱིར་ཕྱི་ལོ་ ༢༠༡༩ ལོར་ཨ་རིའི་རོགས་ཚོགས་པི་ཨར་ཨེམ་ (PRM) གྱི་མཐུན་འགྱུར་འོག་བོད་མིའི་གཞིས་ཆགས་ཁག་ཏུ་གོང་གསལ་ནད་གཞི་ཡོད་མེད་ཀྱི་ཞིབ་འཇུག་གནང་ཡོད་པ་རེད།།