༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་ནས་བསྟན་འཛིན་སྒང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༡༨ ཉིན་བསྟན་སྒང་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་ཚོགས་གཞོན་ཚབ་གསར་བསྟན་འཛིན་སྒྲོན་མེ་ལགས་དང་གཞན་འདེམས་ཐོན་འཐུས་མི་ ༢ དང་། ཟླ་ ༦ ཚེས་ ༡༥ ཞོགས་པ་ཆུ་ཚོད་ ༩༌༣༠ ཐོག་བསྟན་སྒང་ས་འཐུས་སྐབས་ ༡༠ པའི་ཚོགས་གཙོ་ཚབ་གསར་ཕུན་ཚོགས་ཚེ་རིང་ལགས་བཅས་ནས་ཉིན་སོ་སོར་འཕྲལ་སེལ་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་གྲུབ་པའི་གསར་འགྱུར་སྙིང་བསྡུས་སུ། །
གསར་གནས།
འབྲེལ་གནས།