༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༦ ཚེས་ ༡༥ དང་ ༡༦ བཅས་ཉིན་གྲངས་གཉིས་རིང་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཚབ་ལས་དྲུང་བསྟན་འཛིན་ཆོས་དབྱིངས་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་དོན་གྲུབ་བཟང་པོ་ལགས་རྣམ་གཉིས་དབར་ལས་འགན་རྩིས་སྤྲོད་རྩིས་ལེན་གནང་ཡོད།
དེ་ཡང་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་ནོར་རྒྱས་གླིང་མཉམ་འབྲེལ་ཚོགས་གཙོ་སྤྲོད་དཔང་གིས་འགན་འཁུར་བཞེས་ཐོག་ཕྱི་ཚེས་ ༡༥ ཉིན་ས་གནས་འགོ་འཛིན་གྱི་བདག་དབང་དུ་ཡོད་པའི་གལ་ཆེ་ཡིག་ཆ་ཁག་སོགས་རྩིས་ལེན་རྩིས་སྤྲོད་དང་ཞབས་སྟེགས་བརྗེ་ལེན་གནང་ཡོད།དེ་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་མཉམ་འབྲེལ། ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན། དགོན་སྡེ་ཁག་གི་སྐུ་ཚབ་སོགས་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བཅས་ལྷན་འཛོམས་ཐོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་ས་གནས་འགོ་འཛིན་གསར་པ་དང་སྤྲོད་དཔང་གིས་གསུང་བཤད་གནང་ཡོད་པ་བཅས།།