༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༤ ཉིན་གྱི་སྔ་དྲོ་བཞུགས་སྒར་༧རྒྱ ལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་ མེད་པའི་དབུ་ཁྲིད་སྤྱི་ནོར་༧གོ ང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི ས་ཐུགས་དགྱེས་ཚོར་ཆེན་པོས་དཔལ་ ལྡན་བོད་མི་མང་སྤྱི་འཐུས་ཚོགས་ གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་ རིང་མཆོག་རྣམ་གཉིས་ལ་གཟིམ་ཆུང་ མཇལ་ཁ་སྩལ་གནང་བ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེ ལ་པོ་མཆོག་གིས་བོད་མི་མང་སྤྱི་ འཐུས་ལྷན་ཚོགས་ཀྱི་ལས་དོན་ཁག་སྙ ན་སེང་ཞུས་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།