༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དངོས་གྲུབ་འོད་ཟེར་ལགས་ཀྱིས་སྤྲོད་དཔང་གནང་སྟེ་བཞུགས་སྒར་རྡ་སའི་ས་གནས་འགོ་འཛིན་གསར་རྙིང་བར་གྱི་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༡༥ ཉིན་ས་གནས་མི་མང་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་ཡོད།གཞུང་འབྲེལ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག་ས་གནས་འགོ་འཛིན་གསར་པ་དཀོན་མཆོག་མིག་དམར་ལགས་དང་། ལས་འཁྱུར་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས། སྤྲོད་དཔང་དངོས་གྲུབ་འོད་ཟེར་ལགས་བཅས་ཀྱིས་གསུང་བཤད་གནང་ཞིང་། དེའི་རྗེས་ས་གནས་འཐུས་ཚོགས་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དགོན་སྡེ་ཁག་དང་ས་གནས་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པས་ས་འགོ་གསར་རྙིང་གཉིས་ལ་འཚམས་འདྲི་དང་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དཀར་གཙང་མཇལ་དར་བསྒྲོན་ཏེ་མཛད་སྒོ་ལེགས་པར་གྲོལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།