༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གིས་ཀ་སྦུག་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་བཀྲ་ཤིས་ཚེ་རིང་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༠༦ ཚེས་ ༣ ཉིན་ཀ་སྦུག་ས་གནས་འཐུས་ཚོགས་སྐབས་ ༨ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༡ ནས་ཚོགས་མི་ ༨ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་ཚེ་རིང་ཆོས་སྐྱབས་ལགས་དང་། ཚོགས་གཞོན་ཆུང་བདག་ལགས་བཅས་ཀྱིས་འཕྲལ་སེལ་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། །
གསར་གནས།
འབྲེལ་གནས།