༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༢༦ ཉིན་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་ནས་རྒྱལ་སྤྱིའི་མྱོས་རྫས་ལང་ཤོར་དང་ཁྲིམས་འགལ་ཉོ་ཚོང་ལ་ཁ་གཏད་ཀྱི་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོར་ཀ་སྦུག་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། གཞུང་ཁོངས་མིན་པའི་ཚོགས་པ་ཧི་མ་ལ་ཡའི་གཉན་ནད་རེག་དུག་དང་མྱོས་རྫས་སྔོན་འགོག་ཚོགས་པའི་སྐུ་ཚབ་ (Himalayan Anti Aids & Narcotic Drugs Society) པི་ཀུ་མཱར་ (Prayogti P. Kumar) ལགས་དང་། དཔལ་ལྡན་རྟ་མང་ལགས། ཀ་སི་ཊེབ་པཱ་རཱ་ཇུ་ཏི་ (Kastev Parajuti) ལགས་སོགས་ཀྱིས་མྱོས་རྫས་ལང་ཤོར་གྱི་དཀའ་ངལ་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། མྱོས་རྫས་སྔོན་འགོག་སླད་དུ་ཚོགས་སྡེ་ཁག་ནས་མི་རབས་གསར་པའི་གཞོན་སྐྱེས་རྣམས་ལ་གོ་རྟོགས་སྤེལ་བ་བརྒྱུད་འགན་ཁུར་གནང་དུ་འཇུག་དགོས་པའི་གལ་གནད་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།