༄༅། །འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་བོད་མིའི་གཞིས་ཆགས་ཀྱི་སིམ་སྤྱི་ལས་ཁུངས་ཀྱིས་གཙོས་བཟོ་གཞིས་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༡༦ ནས་ ༡༨ བར་ཉིན་གྲངས་གསུམ་རིང་སིམ་སྤྱི་གསར་པ་དྲུང་གཞོན་ཚད་མཉམ་ཚུལ་ཁྲིམས་རྡོ་རྗེ་ལགས་དང་སྤྱི་ཁྱབ་ལས་ཚབ་སྡེ་འགན་བསྟན་འཛིན་ཉི་མ་ལགས་རྣམ་གཉིས་དབར་ནང་སྲིད་སྐུ་ཚབ་དྲུང་ལས་ཐུབ་བསྟན་ཆོས་འཕེལ་ལགས་དབུ་ཞུགས་ཐོག་རྩིས་སྤྲོད་ལེན་གྱི་ལས་རིམ་ལེགས་གྲུབ་བྱུང་ཡོད།དེ་ཡང་ཟླ་འདིའི་ཚེས་ ༡༦ ཉིན་སིམ་སྤྱི་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ཡིག་ཆ་གལ་ཆེ་ཁག་དང་། རྩིས་ཁྲ་ཆ་ཚང་རྩིས་བཞེས་གནང་བ་དང་། ཚེས་ ༡༧ ཉིན་སིམ་སྤྱི་ཁྱབ་ཁོངས་ཇོ་ནང་མ་དགོན་དུ་གནས་གཟིགས་དང་། ཁ་ཐོར་ས་ཁག་སངས་རྒྱས་ཆོས་གླིང་། རྒས་གསོ་ཁང་། རང་བཙན་གྲོང་སྡེ། སིམ་ལ་གཏན་ཉིན་སློབ་གྲྭ། འཁྲི་སྡེ་གླིང་། འཆི་མེད་གླིང་། བཀྲ་ཤིས་སྟེང་བཅས་སུ་འཚམས་གཟིགས་དང་སྦྲགས་འགན་འཛིན་དང་། རྒྱ་དཔོན། བཅུ་དཔོན་རྣམས་དང་མཇལ་འཕྲད་གནང་།ཚེས་ ༡༨ ཉིན་ནང་སྲིད་སྐུ་ཚབ་དྲུང་ལས་ཐུབ་བསྟན་ཆོས་འཕེལ་ལགས་དབུ་བཞུགས་ཐོག་ས་འཐུས་ཀྱིས་གཙོས་ས་གནས་ཀྱི་ལས་སྣེ་ཚང་འཛོམས་ཐོག་ཞབས་སྟེགས་བརྗེ་ལེན་གྱི་མཛད་སྒོ་དང་། ཉིན་རྒྱབ་རྡོ་རྗེ་བྲག་དགོན་པར་གནས་གཟིགས་དང་དབྱངས་ཅན་དགའ་ཚལ་གླིང་ཁྱབ་ཁོངས་བཟོ་གྲྭ བཟོ་གཞིས། ཁ་ར་པ་ཐར་དུ་བརྒྱ་དཔོན་དང་མཉམ་འཚམས་གཟིགས་སུ་ཕེབས། དེ་ནས་སིམ་ལ་བོད་མིའི་ཁྲོམ་རར་འཚམས་གཟིགས་ཀྱིས་སིམ་ལ་སྤྱི་ཁྱབ་རྩིས་སྤྲོད་ལེན་གྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།