༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༠༩ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ལྷོ་སྤྱི་ལས་ཁུངས་ནས་རྒྱ་གར་ལྷོ་ཕྱོགས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་དང་རྩིས་པ་རྣམ་པ་དང་ལྷན་དུ་ཚོགས་འདུ་བསྐོང་ཚོགས་གནང་ཡོད།
དེ་ཡང་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་འོག་རྒྱ་གར་ལྷོ་ཕྱོགས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་དང་རྩིས་པ་རྣམ་པ་བཅས་ནས་རྒྱ་གར་ལྷོ་ཕྱོགས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལྔའི་ཛ་དྲག་གི་དགོས་ངེས་ལས་གཞི་རྣམས་ལ་དཔག་པའི་ཀརནཱ་ཊཀ་མངའ་སྡེ་གཞུང་གི་ཕྱི་ལོ་ ༢༠༢༢་་་༢༠༢༣ ལོའི་རོགས་དངུལ་རྩིས་ལོ་དང་འབྲེལ་བའི་སྔོན་རྩིས་ཚོད་དཔག་སྐོར་གྲོས་བསྡུར་གནང་ཡོད་པ་མ་ཟད། ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ནང་འཕྲད་བཞིན་པའི་བཙན་བྱོལ་བོད་མིའི་སྐྱབས་བཅོལ་ལག་འཁྱེར་(R.C.) དེབ་སྐྱེལ་གྱི་དཀའ་ངལ་ཚུད་པའི་དཀའ་ངལ་གཞན་ཁག་གཅིག་གི་སྐོར་གོ་བསྡུར་ལྷུག་པོར་གནང་ཡོད། །