༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༠༢ ཚེས་ ༡༡ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མ་འོངས་ལོ་གསུམ་གྱི་སྔོན་རྩིས་ཁག་གྲ་སྒྲིག་ཞུ་རྒྱུའི་ཆེད་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་རྣམས་ས་གནས་སོ་སོར་ཕྱོགས་སྐྱོད་ཀྱིས་མ་འོངས་ལོ་གསུམ་ནང་འཕྲོད་བསྟེན་དང་འབྲེལ་བའི་གཞི་རིམ་དགོས་མཁོའི་ལས་གཞི་ཇི་ཡོད་རྟོག་ཞིབ་དང་རྒྱབ་གཉེར་ཞུ་དགོས་པའི་ལམ་སྟོན་གནང་བ་ལྟར། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོ་བསྟན་འཛིན་དབང་གྲགས་དང་གཞོན་དྲུང་བསྟན་འཛིན་ཆོས་ལྡན་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༡ ནས་ ༡༢ བར་ཉིན་གྲངས་གཉིས་རིང་ཊལ་ཧོར་ས་གནས་སུ་མ་འོངས་ལོ་ གསུམ་གྱི་ལས་གཞི་འོག་གྲབས་དང་རྟོག་ཞིབ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་ཕྱི་ཚེས་ ༡༡ ཉིན་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ས་གནས་གནད་ཡོད་མི་སྣ་ཁག་ལྷན་འཛོམས་ཐོག་མ་འོངས་ལོ་གསུམ་ནང་ས་གནས་སུ་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཇི་ཡོད་ཁག་འོག་གྲབས་ཞུས་ཡོད་པ་མ་ཟད། ད་ལྟ་ལས་གཞི་འགྲོ་བཞིན་པ་ཁག་ལ་ཞིབ་འཇུག་བྱས་འདུག་པ་དང་། ཕྱི་ཚེས་ ༡༢ ཉིན་མི་མང་ཡོངས་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་ཁག་ངོ་སྤྲོད་དང་། བསམ་ཚུལ་བསྡུ་ལེན་ཞུས་རྗེས་ལས་གཞི་འཆར་འབུལ་ཞུས་པའི་ས་ཁུལ་ཁག་གི་གནས་སྟངས་རྟོག་ཞིབ་གནང་འདུག་པ་བཅས།།
གསར་གནས།
འབྲེལ་གནས།