༄༅།།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཕྱི་ལོ་ ༢༠༡༤ ནས་བཟུང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། ཧོན་སུར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་དང་ཟུང་སྦྲེལ་ཐོག་མཐོ་སློབ་སློབ་མཐར་སོན་པའི་བོད་རིགས་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཅེས་པ་ཟླ་བ་དྲུག་རིང་སྐད་ཡིག་དང་། རིགས་ལམ་མམ་མཚན་ཉིད་། གཞུང་ཆེན་བཀའ་པོད་ལྔའི་སྙིང་བསྡུས་ངོ་སྤྲོད་སློབ་ཁྲིད་བྱ་རྒྱུའི་ལས་རིམ་ཞིག་ལག་བསྟར་བྱེད་མུས་ལྟར། ཟླ་དྲུག་ཟབ་ཁྲིད་ཐེངས་དགུ་པ་དེ་ཡང་འདི་ལོའི་ཟླ་ ༧ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༣༡ བར་གོ་སྒྲིག་ཞུ་གཏན་འཁེལ་སོང་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་སློབ་གཉེར་བྱ་འདོད་ཡོད་རིགས་ནས་ཞུ་སྙན་འགེངས་ཤོག་ འགེངས་ཤོག་ཕབ་ལེན་སླད་འདིར་གནོན།
ཕབ་ལེན་གྱིས་ཞིབ་ཕྲ་བཀང་སྟེ་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༥ འགྱངས་མེད་ཞུ་སྙན་འབུལ་ཟིན་པ་དགོས་པ་དང་ཆ་རྐྱེན་ཁག་གཤམ་གསལ།
ཀ དགོས་ངེས་ཆ་རྐྱེན།
༡། མཐོ་རིམ་སློབ་མཐར་སོན་པའི་ལག་འཁྱེར་རམ་ཨང་ཤོག
༢། དང་བླངས་དཔྱ་དངུལ་ ༢༠༢༢ ཟླ་ ༠༣ ཚེས་ ༣༡ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
༣། དོ་བདག་གི་ཕྱེད་པར་གཉིས།
ཐུགས་སྣང་། གོང་གསལ་དགོས་མཁོའི་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན། ཡང་ན་མཐོ་སློབ་ཀྱི་སློབ་སྤྱི་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས་པ།
ཁ། མཐུན་འགྱུར།
ལམ་གྲོན་དང་། བཞུགས་གནས། ཞལ་ལག དེ་བཞིན་ཟླ་རེར་ལག་དོད་བཅས་གནང་རྒྱུ།
ཟབ་ཁྲིད་དུས་ཡུན་དང་། རྒྱུགས་སྤྲོད་དང་ལག་འཁྱེར།
༡། ཟླ་དྲུག ༼ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༣༡ ༽
༢། སློབ་ཁྲིད་ཟིན་མཚམས་ངག་རྒྱུགས་དང་འབྲི་རྒྱུགས་གཏོང་རྒྱུ་དང་། མཇུག་བསྡོམས་མཛད་སྒོའི་སྐབས་ལག་འཁྱེར་གནང་རྒྱུ།
༤། ཞུ་སྙན་འབུལ་ཡུལ།
The Secretary
Department of Religion and Culture, CTA
P.O. Dharamsala-176215, District Kangra, (H.P.)
Email: [email protected]
Concerned staff mobile no. +91 9882234435/ +91 6230064583
བཅས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༢ ཉིན་ལ།།