༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༥ ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི
དེ་ཡང་ཉན་ཞིབ་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྤྱི་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་བོད་ཀྱི་ལོ་རྒྱུས་སྐོར་འཁྱོག་བཤད་བྱས་དང་བྱེད་བཞིན་ཡོད་སྟབས། ནུབ་ཕྱོགས་པ་ཚོས་བོད་ཀྱི་ལོ་རྒྱུས་སྐོར་ངེས་པར་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་པར་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་སྐོར་གྲོས་ཆོད་དང་། རྒྱ་ནག་ལ་དཔལ་འབྱོར་དམ་དྲག་བཀའ་ཆད་གཅོད་དགོས་པའི་སྐོར་གསུངས་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་དབང་བསྒྱུར་འོག་བོད་ནང་གི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་ཅན་ཆགས་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་མུ་མཐུད་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ཀྱི་ཐོག་ཧ་ཅང་དམ་དྲག་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་མའོ་ཙེ་ཏུང་དང་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཧ་ཅང་ཉམས་རྒུད་ཕྱིན་ཡོད་པ་དང་། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ཀྱི་སྐད་ཡིག་གི་རང་དབང་ཧ་ཅང་ཉག་ཕྲ་བ་ཞིག་ཏུ་གྱུར་ཡོད། ཅེས་དང་། ཞི་ཅིན་ཕིང་གིས་སྲིད་དབང་བཟུང་རྗེས་རྒྱ་ནག་གཅིག་གི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་ཧ་ཅང་དམ་དྲག་བྱས་ཡོད་པ་མ་ཟད། སློབ་གྲྭ་དང་སློབ་གཉེར་བསྟི་གནས་ཁང་སོགས་ཀྱི་ནང་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་རྒྱུའི་ཚབ་ཏུ་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་དུ་འཇུག་གི་ཡོད། ཅེས་གསུངས།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་ངོས་འཛིན་ཞུ་ཡི་མེད་པ་དེ་ཧ་ཅང་ནོར་འཁྲུལ་ཅན་ཞིག་རེད། ཅེས་དང་། རྒྱ་ནག་གཞུང་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཛིན་བཟུང་བཙན་འཕྲོག་བྱས་རྗེས་ད་བར་གང་དུ་ཡོད་མེད་དང་སྐུ་གཟུགས་གསལ་ཐང་ཡིན་མིན་སྐོར་ཁ་གསལ་རྗོད་རྒྱུ་མེད་པ་དེ་ནི། རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་ཐེ་བྱུས་བྱེད་སྟངས་ཤིག་རེད། ཅེས་གསུངས།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ནས་ད་བར་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་གནང་གི་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་ཡ་ལན་བྱེད་ཀྱི་མེད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་རྒྱ་གྲོས་མོལ་མགྱོགས་མྱུར་ཡོང་རྒྱུའི་རེ་བ་དེ་ཙམ་མེད་པར་བརྟེན། ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཡར་རྒྱས་རྒྱུན་ལས་ཚོགས་ཆུང་གི་ངོས་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སུ་སྤྱི་མོས་ཐོག་གྲོས་ཆོད་ཅིག་འཇོག་དགོས་པའི་རེ་སྐུལ་ཞུས་གནང་ཡོད།དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཡར་རྒྱས་རྒྱུན་ལས་ཚོགས་ཆུང་ནང་༸ཀུན་གཟིགས་༸ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་དོན་ཚན་ལྔའི་ཐོག་གསུངས་ཡོད།
དེ་ཡང་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་གསུང་དོན། ངས་དེ་རིང་གདན་ས་བཀྲ་ཤིས་ལྷུན་
ད་ཆ་རྒྱ་ནག་གཞུང་གིས་ཚད་ལས་བརྒ
ཕྱི་ལོ་ ༡༩༨༩ ལོར་བོད་ལྗོངས་གཞིས་ཀ་རྩེར་བོད་
༢། ཁེ་ན་ཌའི་སྲིད་གཞུང་ནས་པཎ་ཆེན་
༣། ཁེ་ན་ཌའི་གྲོས་ཚོགས་སུ་ཀུན་གཟི
༤། མི་ལོ་ ༢༧ རིང་གར་སོང་ཆ་མེད་དུ་གྱུར་པའི་
༥། བོད་མི་མང་གི་མངོན་འདོད་སྤྱི་ནོ
ད་བར་ཁེ་ན་ཌའི་གཞུང་ཕྱོགས་ནས་བོ