༄༅། །མན་ཌི་ས་གནས་འགོ་འཛིན་སྒྲོལ་མ་ཚེ་རིང་ལགས་དང་ཚབ་གསར་བསྟན་འཛིན་ཚུལ་ཁྲིམས་ལགས་རྣམ་གཉིས་དབར་ལས་འགན་རྩིས་སྤྲོད་རྩིས་ལེན་གནང་ཡོད།
དེ་ཡང་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་སྦིར་ནང་ཆེན་ཅོན་ཏ་ར་ས་གནས་འགོ་འཛིན་མེ་རི་སྐྱབས་ལགས་སྤྲོད་དཔང་གིས་འགན་ཁུར་བཞེས་ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༡༦ ཉིན་མན་ཌི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི། སྤོན་ཌོ་བཀྲ་ཤིས་གླིང་གི་གཞིས་མི་བཅས་ཚང་འཛོམས་ཐོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཚོགས་ཡོད།
ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་མཚོ་པདྨ་ཁུལ་དུ་གནས་མཇལ་དང་། ཕྱི་དྲོར་མན་ཌི་ཁུལ་གྱི་བོད་མི་རྣམས་དང་ལམ་ཟུར་གྱི་བོད་མི་ཁྲོམ་རར་འཚམས་གཟིགས་གནང་ཡོད་པ་བཅས། །