༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༡༥ རེས་གཟའ་ཉི་མ་ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ། དཔལ་ལྡན་སྲིད་སྐྱོང་མཆོག་ཉེ་ཆར་ཇར་མ་ནཱི་དང་ཨ་རི། ཀ་ནཱ་ཌཱ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་པའི་སྐབས་ཀྱི་གནས་ཚུལ་ཁག་གཅིག་སྙན་གསན་ཞུས་ཡོད་འདུགདེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་གཟིམ་ཆུང་མཇལ་ཁའི་སྐོར་གསུང་དོན། ད་རེས་ཇར་མ་ནཱི་དང་། ཨ་རི། ཀ་ནཱ་ཌཱ་བཅས་རྒྱལ་ཁབ་གསུམ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་བཅར་རྒྱུའི་གོ་སྐབས་བྱུང་བ་རེད། ནམ་རྒྱུན་ལས་དོན་སྙན་ཞུ་འབུལ་རྒྱུའི་ལམ་སྲོལ་ཡོད་པ་རེད། ད་རེས་ཕྱོགས་བསྐྱོད་སྐབས་གནས་ཚུལ་གང་བྱུང་བ་རྣམས་སྙན་གསང་ཞུས་པ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཧ་ཅང་དགྱེས་པོ་གནང་གི་འདུག འགྲིག་འདུག་ཅེས་བཀའ་གནང་གི་འདུག དེར་བརྟེན་ཕྲན་རང་མི་མང་གིས་བདམས་པའི་འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་སེམས་འགུལ་འཕར་མ་ཞིག་ཐེབས་ཏེ་ལས་ཀ་བྱེད་རྒྱུར་ཀུན་སློང་འཕར་མ་ཞིག་བྱུང་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས། །
གསར་གནས།
འབྲེལ་གནས།