༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༦ ཉིན་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་(International Buddhist Confederation) ཀྱི་གོ་སྒྲིག་དང་། རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་གི་མཐུན་འགྱུར་འོག་འཕགས་པ་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་དུས་ཆེན་ཏེ་བུདྷ་པཱུརྞི་མ་ (Buddha Purnima) འམ་ཝཻ་སཱཁ་པཱུརྞི་མ་ (Vesak Purnima) ཞུ་བ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝ་ཧར་ལཱལ་ནེ་ཧེ་རུའི་རྩེད་རའི་ནང་སྲུང་བརྩིའི་མཛད་སྒོ་ཚོགས་ཡོད་པ་དང་། མགྲོན་འབོད་གནང་བ་ལྟར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།