༄༅།།བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་མན་སྤར་ཕན་བདེ་གླིང་གཞིས་ཆགས་ཀྱི་རྒས་གསོ་ཁང་དུ་ནད་གཡོག་དང་གད་པ་གཅིག་ལྕོགས་ལས་བྱ་གཅིག་ཆོད་གན་ངོ་བོ་ཐོག་བསྐོ་བཞག་ཞུ་རྒྱུར་དགོས་མཁོའི་ཆ་རྐྱེན་གཤམ་གསལ་ལྟར་ཚང་དགོས།
༡། ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ།
༡༌༡། མན་སྤར་ས་གནས་འགོ་འཛིན་གི་མཚན་ཐོག་རང་ཉིད་ལས་དོན་དེར་དོ་དབྱིངས་ཡོད་པའི་ཞུ་སྙན་འབུལ་དགོས་རྒྱུ།
༡༌༢། དང་བླངས་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
༡༌༣། གནས་ཡུལ་རྒྱལ་ཁབ་རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།
༡༌༤། རང་ཉིད་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་སྨན་པ་ཚད་ལྡན་གྱིས་ངོས་སྦྱོར་ངོ་མའི་སྟེང་རང་ཉིད་ཀྱི་འདྲ་པར་སྦྱར་དགོས་པ།
༡༌༥། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར་རྒྱབ་གཉེར་དགོས་རྒྱུ།
༡༌༦། རང་ལོ་ ༢༥ ཡན་ལོན་པ་དང་ ༥༥ ལས་མ་བརྒལ་པ།
༢། ཕོགས་དང་ཁེ་ཕན་མཐུན་རྐྱེན།
༢༌༡། ཟླ་རེའི་རྩ་ཕོགས་ཧིན་སྒོར་ ༡༨,༦༠༠།༠༠ དང་ཐོབ་ཐང་གཞན་ཁག་དབུས་བོད་མིའི་ངལ་སེལ་ཚོགས་པའི་ཆོད་གན་ལས་བྱེད་དང་སྤྱི་མཚུངས་ཡིན།
༢༌༢། སྡོད་གནས་རྒས་གསོ་ཁང་དུ་ལས་ཤག་གི་མཐུན་འགྱུར་ཡོད་པ་ངེས་པར་དུ་བཞུགས་དགོས་རྒྱུ།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༡ ཉིན་རྒྱབ་ཚུད་ ༥ འགྱངས་མེད་རང་ཉིད་འབྲེལ་བ་གནང་བདེའི་སླད་ཁ་བྱང་ཁ་གསལ་དང་། ཁ་དཔར་ཨང་། གློག་འཕྲིན་ (email-id) སོགས་གཤམ་གསལ་གློག་འཕྲིན་བརྒྱུད་ PDF ཐོག་འབུལ་འབྱོར་ཟིན་དགོས་དང་། ཡིག་ཆ་ངོ་མ་རྣམས་འདེམས་སྒྲུག་སྐབས་མིག་སྟོན་དགོས་པར་ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་སྒྲུག་ཀྱི་ཚེས་གྲངས་སྐབས་མཚམས་བརྡ་ལན་ འབུལ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། མན་སྤར་ཕན་བདེ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༢ ལ།།
འབྲེལ་ལམ་ཞུ་ཡུལ་གློག་འཕྲིན་ཁ་བྱང་།