༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་དང་ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས། ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བཤད་སྒྲུབ་བྱམས་པ་ལགས་བཅས་ལ་མཇལ་ཁ་སྩལ་པའི་སྐབས་འདི་ལོའི་ཕྱི་ཟླ་བདུན་པའམ་བརྒྱད་པའི་ནང་མགོན་པོ་གང་ཉིད་མཆོག་ལ་དྭགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུའི་ཞལ་བཞེས་བཟང་པོ་སྩལ་གནང་འདུག
དེ་ཡང་མཇལ་ཁ་གྲུབ་མཚམས་ཁྲིག་སེ་རིན་པོ་ཆེ་མཆོག་གིས་གསུང་དོན། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ལོ་ཤས་རིང་ཆིབས་སྒྱུར་བསྐྱངས་ཐུབ་མེད་སྟབས། ཆིབས་སྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་པར་ཞལ་བཞེས་གནང་བྱུང་། ཞེས་གསུངས། །