༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་ལས་བྱེད་དགོས་མཁོ་བཞིན། ད་ལམ་ཕྱི་དྲིལ་ལས་ཁུངས་ཀྱི་ས་མིག་ཁ་སྐོང་སླད་ལས་བྱེད་གསར་འདེམས་ཞུ་གཏན་འཁེལ་ཡོད་ན། གཤམ་གསལ་དམིགས་བཀར་ལས་ཁུངས་དོ་དམ་པའི་ས་མིག་ ༡ ༼ གཅིག ༽ ཐོག་ཆ་རྐྱེན་ཚང་ཞིང་རང་རེའི་རྩ་དོན་ཐོག་སྲི་ཞུའི་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༠ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་དྲྭ་ཐོག་འཚང་སྙན་འགེངས་འབུལ་ཡོང་བ་ཞུ།
ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོའི་ས་མིག་ཁ་སྐོང་ཆེད་རྒྱ་ཡིག་ཚད་འཕེར་ ༼ དམིགས་བཀར། ༽ གྱི་ལས་བྱེད་གསར་འདེམས་ཞུ་གཏན་འཁེལ་བའི་འདེམས་རྒྱུགས་ཆེད་དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ།
༡༽ ཤེས་ཚད། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ ནང་གསེས་ ༼ ༣ ༽ པའི་དགོངས་དོན་བཞིན་བོད་ཨིན་ཕུད་པའི་སྐད་ཡིག་ཚད་འཕེར་ལས་བྱེད་བསྐོ་གཞག་ས་མིག་ཏུ་ཞུགས་རྒྱུར་ཤེས་ཚད་ལག་འཁྱེར་ངེས་པར་མི་དགོས།
༢༽ ལོ་ཚད། ༢༠༢༢།༠༥།༢༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༣༽ རྒྱུགས་གཞི། བོད་ཡིག་དང་རྒྱ་ཡིག་སོ་སོའི་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
༤༽ ལས་འགན། རྒྱ་ཡིག་ཐོག་ཉམས་ཞིབ་ཞུ་དགོས་དང་། རྒྱ་ཡིག་ཐོག་ཡོད་པའི་གནས་ཚུལ་མཁོ་སྒྲུབ་ཞུ་རྒྱུ། རྒྱ་ཡིག་དཔྱད་རྩོམ་བོད་སྒྱུར། བོད་ཡིག་དཔྱད་རྩོམ་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་འགན་ཁུར་བྱེད་པོ།
༥༽ འདེམས་རྒྱུགས་འཕྲོད་པར་རྒྱ་ཡིག་སློབ་ཚན་དེར་བརྒྱ་ཆ་ ༧༠% དང་། བོད་ཡིག་སློབ་ཚན་ལ་བརྒྱ་ ཆ་ ༣༣% རེ་བཅས་ལོན་དགོས་པ་ཡིན།
༦༽ དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༧༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༨༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༩༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
འཚང་སྙན་འབུལ་མཁན་རྣམས་ནས་གཤམ་གསལ་དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༢༠ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ཤེས་ཚད་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༢ ཟླ་ ༠༤ ཚེས་ ༢༡ ལ།།
https://docs.google.com/forms/d/17-KrLI24vVCqjl1HwY20KYwX8mu-wTDEiBL_rCdD_nA/edit
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail:[email protected]