༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༢༦ ཉིན་གྱི་ཕྱི་དྲོར་རྒྱ་གར་གྲོས་ཚོགས་འཐུས་མི
སྐབས་དེར་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་བཅས་ལྷན་བཅར་ཞུས་ཡོད་པ་རེད།སྐབས་དེར་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ངོ་ཕེབས་རྒྱ་གར་གཞུང་གི་གནད་ཡོད་སྐུ་མགྲོན་རྣམས་ལ་རྒྱ་གར་གཞུང་དམངས་གཉིས་ནས་འདས་པའི་ལོ་ངོ་ ༦༠ ལྷག་རིང་བཙན་བྱོལ་བོད་མི་རྣམས་ལ་རྒྱབ་སྐྱོར་དང་གཞོགས་འདེགས་གཡོ་མེད་གནང་བར་བཀའ་དྲིན་རྗེས་དྲན་དང་། དེ་ལ་བརྟེན་ནས་བོད་མི་རྣམས་ཀྱིས་རང་དབང་ལྡན་པའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱས་ཐུབ་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྐུ་མགྲོན་རྣམ་པར་བོད་ཀྱི་ཟློས་གར་ཚོགས་པས་རིག་གཞུང་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་ཡོད།
བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་གནང་ཆེད་རྒྱ་གར་གྲོས་ཚོགས་འཐུས་མིའི་རྒྱུན་ལས་ཚོགས་ཆུང་གི་ཚོགས་མི་བི་ཧཱར་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་རན་ཅན་སིངྒ་མཆོག་དང་། པན་ཇཱབ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་གྷུར་ཇི་ཏི་སིངྒ་ཨུ་ཇ་ལ་མཆོག ཨཱནདྷྲ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཅན་དྷར་ཤི་ཀར་བྷེ་ལན་མཆོགཨུཏྟར་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧ་རི་ཤ་ཌི་ཝཡེ་ཝི་ཌི་མཆོག ཏ་མིལ་ནཱ་ཌཱུ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨེ་སི་གྷ་ནཱ་ཏི་རབ་ཝེམ་མཆོག མཧཱ་རཱཥཊྲ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སན་ཇེ་ཧ་རེ་བྷའོ་ཇ་དེབ་མཆོག ཨཱནདྷྲ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེ་པར་ཀེ་ཤི་མཆོག ཧི་མཱ་ཅལ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀུ་མར་མཆོག ནུབ་བངྒཱལ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་ནིལ་ཀུ་མར་མོན་ཌ་མཆོག གུཇ་རཱཏ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཌིབ་སིང་ཤན་ཀར་སིང་ར་ཐོཌ་མཆོག ཨ་སམ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨ་ཇིཏ་ཀུ་མར་བྷུ་ཡན་མཆོག རཱཇསྠན་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ར་ཇིན་དྷར་གྷི་ལོ་ཊ་མཆོག ཨུཏྟར་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སན་ཇེ་སི་ཏི་མཆོག་དང་། འབྲེལ་ཡོད་ལས་བྱེད་ཁག་གཅིག་བཅས་ཕེབས་ཡོད་པ་རེད།།