༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༡ ཉིན་རྒྱབ་ནས་ཟླ་ ༥ ཚེས་ ༡༢ བར་ཇར་མ་ནཱིར་བསམ་མཛོད་བསྟི་གནས་ཀྱི་མཁས་པའི་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་དང་། རང་རིགས་མང་ཚོགས་དང་མཇལ་འཕྲད་གནང་རྒྱུ། དེ་བཞིན་ཨ་རི་དང་ཀ་ནཱ་ཌཱར་ཚོགས་འདུ་ཁག་གཅིག་ཏུ་གསུང་བཤད་དང་གནད་ཡོད་མི་སྣ་མཇལ་འཕྲད། རང་རིགས་མང་ཚོགས་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།