༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་གི་སྔོན་རྩིས་ཀྱི་གྲོས་ཚོགས་འཚོགས་བཞིན་ཡོད་པ་དང་བསྟུན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་གྲོལ་མ་ཐག ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་དེ་ཉིད་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༤ ནས་འགོ་འཛུགས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཐོག་མར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་ཏུ་ཆེད་བཅར་གནང་སྟེ་འབྲེལ་མཐུད་དང་རྒྱུས་ལོན་བྱས་ཡོད་པ་དང་། དེ་རྗེས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་གཙོས་པའི་གནད་ཡོད་མི་སྣ་ཁག་དང་ཐུག་འཕྲད་ཞུས་ཏེ་ཞུ་གཏུག་གི་བརྗོད་གཞི་ཁག་གི་ཐོག་ཞུ་སྐུལ་གནང་འདུགདེ་ཡང་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (National Congress Party) ཞེས་པའི་གཏན་འཇགས་དྲུང་ཆེ་སྐུ་ཞབས་ཨེས་ཨར་ཀོ་ཧི་ལི་ (Shri. S.R. Kohli) ལགས་དང་མཇལ་འཕྲད་ཞུས། དེ་རྗེས་ཆབ་སྲིད་ཚོགས་པ་ (Samajwadi Party) ཞེས་པའི་ལྡི་ལིའི་ལས་ཁུངས་སུ་བཅར་ཏེ་དྲུང་ཆེ་ཀྲྀཥྞན་དཔལ་ (Shri. Krishan Pal) ལགས་དང་། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Bharatiya Janata Party) ཞེས་པའི་སྤྱི་ཁྱབ་ལས་ཁུངས་སུ་བཅར་ཏེ་དྲུང་ཆེ་མཱ་ཧེནྡྲ་པཱན་དེ་ (Shri. Mahendra Pandey) ལགས་དང་མཇལ་འཕྲད་ཞུས།སྐུ་ཚབ་ཚོགས་ཆུང་ནས་ཉིན་རྒྱབ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Communist Party of India) ཞེས་པའི་ཚོགས་མི་སྐུ་ཞབས་ཅི་དྷམ་བྷ་རམ་རཱ་ཝི་ (Shri. Chidambaram Ravi) ལགས་དང་མཇལ་འཕྲད་ཞུས། དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Janata Dal United) ཞེས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨཱ་ཧྥ་ཁི་ཨཧ་མེ་དྷི་ཁན་ (Shri. Afaque Ahmed Khan) ལགས་དང་མཇལ་འཕྲད་ཞུས་ཤིང་། ཆབ་སྲིད་ཚོགས་པ་དེ་བཞིན་མངའ་སྡེ་བཞིའི་ནང་ནས་འོས་ཤོག་གི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས། ཕྱི་དྲོར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (National People’s Party) ཞེས་པའི་ལྡི་ལིར་རྟེན་གཞི་བྱས་པའི་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་སོ་ནེ་ལཱལ་ཀོལ་ (Shri. Sonelal Kol) ལགས་དང་མཇལ་འཕྲད་ཞུས། ཕྱི་དྲོ་ཆུ་ཚོད་ ༤ ཐོག་པན་ཇབ་ཀྱི་ཆབ་སྲིད་དང་འབྲེལ་བ་མེད་པའི་ཚོགས་པ་གསར་པ་ (Shiromani Akali Dal Delhi State) ཞེས་པའི་ཚོགས་པར་ཆེད་བཅར་གྱིས་རྒྱུས་ལོན་དང་འབྲེལ་མཐུད་ཞུས་གནང་ཡོད་པ་རེད།གཞན་ཡང་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་གཙོས་པའི་གནད་ཡོད་མི་སྣ་ཁག་དང་ཐུག་འཕྲད་ཀྱིས་ཞུ་སྐུལ་གནང་ཞིང་། ཞུ་སྐུལ་གྱི་བརྗོད་གཞི་གཙོ་བོ་ནི། ༡༽ ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོ་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་མི་ལོ་ ༦༣ རིང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་བཞིན་པ་དང་། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ཡུལ་སྲོལ་གོམས་གཤིས་རྩ་གཏོར་གྱིས་རྐྱེན་པས་ད་བར་བོད་མི་ ༡༥༨ ཀྱིས་རང་ལུས་མེར་བསྲེགས་ཀྱི་ཡ་ང་བའི་གནས་སྟངས་བྱུང་བའི་སྐོར། ༢༽ བོད་ནང་གི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བ་དང་ཁོར་ཡུག་སྲུང་སྐྱོབ་པ། དེ་བཞིན་རྩོམ་པ་པོ་རྣམས་ལ་ཉེས་མིང་སྣ་ཚོགས་ཐོག་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པའི་གནས་སྟངས། ༣༽ རྒྱ་ནག་གཞུང་གིས་ཡར་རྒྱས་ལ་ཁག་དཀྲི་སྟེ་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་ཚབས་ཆེན་བཟོ་བཞིན་པའི་སྐོར། ༤༽ རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དུ་གྲོས་ཚོགས་འཐུས་མི་གང་མང་མཉམ་ཞུགས་ཡོང་ཐབས། ༥༽ རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་པའི་དྲྭ་ཚིགས་སླར་གསོ་བྱ་རྒྱུ་སོགས་ཡིན་པ་རེད།དེ་ཡང་ཐོག་མར་ཕྱི་ཚེས་ ༤ ཕྱི་དྲོ་ཆུ་ཚོད་ ༤།༤༠ ཐོག་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Indian National Congress) ཞེས་པའི་ལས་ཁུངས་གཙོ་བོ་ཡོད་ས་ (All Indian Congress Committee) ཞེས་པའི་རྒྱ་གར་གྱི་ཡུལ་སྐོར་བློན་ཆེན་ཟུར་པ་དང་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་རེ་ནུ་ཀཱ་ཅོ་ཌི་རི་ (Smt. Renuka Chowdhury) ལགས་དང་མཇལ་འཕྲད་ཞུས། ཁོ་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་རྒྱལ་ས་ལྡི་ལིར་བཅར་དགོས་པའི་དམིགས་ཡུལ་དང་། དེ་བཞིན་བོད་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་ལྟར་ལྕམ་རེ་ནུ་ཀཱ་ཡིས་ཀྱང་དེ་ལུགས་ཞལ་བཞེས་གནང་ཡོད།དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Telugu Desam Party) ཞེས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁེ་སེ་ནེ་ནི་ཤྲི་ནི་ཝ་སི་ (Shri. Keseneni Srinivas, Lok Sabha MP from Vijayawada. Andhra Pradesh) ལགས་དང་མཇལ་འཕྲད་ཞུས། གཞན་ཡང་རྒྱ་གར་གྱི་སྲིད་བློན་ཟུར་པ་དང་། རྒྱ་གར་གྲོས་ཚོགས་གོང་མའི་ཁ་ན་ཊ་ཀ་མངའ་སྡེའི་འཐུས་མི་དང་ཆབ་སྲིད་ཚོགས་པ་ (Janata Dal (Secular) ཞེས་པའི་ཚོགས་གཙོ་སྐུ་ཞབས་དྷེ་བེ་གྷོ་དྷ་ (Shri. H. D Devegowda) མཆོག་དང་མཇལ་འཕྲད་ཞུས། ཕྱི་དྲོ་ཆུ་ཚོད་ ༧:༣༠ ཐོག་གྲོས་ཚོགས་གོང་མའི་ཨུཏྟརཱ་ཁནྜ་ (Uttarakhand) མངའ་སྡེའི་འཐུས་མི་སྐུ་ཞབས་ནཱ་རེ་སུ་བྷན་སིལ་ (Shri. Naresh Bansal) ལགས་དང་མཇལ་འཕྲད་ཞུས།ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧:༣༠ ཐོག་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མཱར་ (Shri. Sujeet Kumar, Raj Sabha member from Odisha) ལགས་དང་མཇལ་འཕྲད་ཞུས། ཉིན་རྒྱབ་རྒྱ་གར་གྲོས་ཚོགས་འོག་མའི་ལྡི་ལི་མངའ་སྡེའི་འཐུས་མི་སྐུ་ཞབས་སཱན་ཇེ་སིངྒ་ (Shri. Sanjay Singh, Lok Sabha) ལགས་དང་མཇལ་འཕྲད་ཞུས། དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Biju Janata Dal) ཞེས་པ་ནས་ཡིན་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཅཱནྡྲ་ཤེ་ཀཱར་སཱ་ཧུ་ (Shri. Chandra Sekhar Sahu, Lok Sabha MP from Berhampur, Odisha) ལགས་དང་མཇལ་འཕྲད་ཞུས་འདུགཕྱི་དྲོ་ཆུ་ཚོད་ ༥:༡༠ ཐོག་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Bharatiya Janata Party) ཞེས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མེ་ཋེཤ་པཱ་ཌེལ་ (Shri. Mitesh Patel, Lok Sabha MP from Anand, Gujarat) ལགས་དང་མཇལ་འཕྲད་ཞུས། དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Bharatiya Janata Party) ཞེས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པྲ་དྷན་བྷ་རུ་ཝ་ (Shri. Pradhan Baruah, Lok Sabha MP from Lakhimpur, Assam) ལགས་དང་མཇལ་འཕྲད་ཞུས།སྐུ་ཚབ་ཚོགས་ཆུང་ནས་དེ་རྗེས་རྒྱ་གར་ནུབ་བངྒཱལ་ (West Bengal) ནས་ཡིན་པའི་ཆབ་སྲིད་ཚོགས་པ་ (All India Trinamool Congress) ཞེས་པའི་ལྡི་ལི་ལས་ཁུངས་སུ་བཅར། དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Congress) ཞེས་པའི་སྤྱི་ཁྱབ་དྲུང་ཆེ་ལས་ཐོག་དང་། གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་པུ་ནེ་ཡ་ (Shri. P.L. Punia) ལགས་དང་མཇལ་འཕྲད་ཞུས་འདུག
ཕྱི་དྲོ་ཆུ་ཚོད་ ༧:༣༠ ཐོག་རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རེན་རེ་ཇི་ཇུ་ (Shri. Kiren Rijiju, Cabinet Minister of Law and Justice) མཆོག་དང་མཇལ་འཕྲད་ཞུས། དེ་བཞིན་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Indian National Congress) ཞེས་པའི་གྲོས་ཚོགས་གོང་མའི་ཁཱ་ན་ཊ་ཀ་མངའ་སྡེའི་འཐུས་མི་སྐུ་ཞབས་སེ་ཡར་ནཱ་སིར་ཧུ་སེན་ (Dr. Syed Naseer Hussain, Rajya Sabha MP) ལགས་དང་མཇལ་འཕྲད་ཞུས་འདུགཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩།༣༠ ཐོག་རྒྱ་གར་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ (Parliament Library Building) དུ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Telangana Rashtra Samithi) ཞེས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ནཱ་མཱ་ན་གྷེཤ་ཝར་རའོ་ (Shri. Nama Nageswar Rao, Lok Sabha MP from Khammam, Telangana) ལགས་དང་མཇལ་འཕྲད་ཞུས་འདུག
གཞན་ཡང་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལྕམ་རཱཅ་ནཱ་ཤར་མ་ (Smt. Rachana Sharma) ལགས་དང་དྲུང་ཆེ་པྲ་སན་ཇིཏ་སིངྒ་ (Shri. Prasanjit Singh, Secretary) ལགས་རྣམ་གཉིས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་མཇལ་འཕྲད་ཞུས། འགན་འཛིན་ལྕམ་རཱཅ་ནཱ་ཤར་མའི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་བཅས་སུ་གཟིགས་སྐོར་གནང་འདུག དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Telangana Rashtra Samithi) ཞེས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷི་ཝེན་ཀ་ཋེཤ་ནེ་ཐ་ (Dr. B Venkatesh Netha, Lok Sabha MP from Peddapalli, Telangana) ལགས་དང་མཇལ་འཕྲད་ཞུས་འདུགཉིན་རྒྱབ་རྒྱ་གར་བྱང་ཤར་ནས་ཡིན་པའི་གྲོས་ཚོགས་འཐུས་མི་གསར་པར་དགའ་བསུ་དང་འཚམས་འདྲིའི་ལྷན་འཛོམས་ཀྱི་མཛད་སྒོ་ཞིག་བསྐོང་ཚོགས་བྱས་ཡོད་པ་དང་། འདུ་འཛོམས་དེའི་ཐོག་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཡང་མགྲོན་འབོད་གནང་པ་ལྟར་ཆེད་བཅར་ཞུས། སྐབས་དེར་རྒྱ་གར་བྱང་ཤར་ནས་ཡིན་པའི་གྲོས་ཚོགས་འཐུས་མི་ ༢༢ ལྷན་འཛོམས་བྱུང་ཡོད་པ་དང་། དེའི་ཁྲོད་རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ཀི་རེན་རེ་ཇི་ཇུ་ (Shri. Kiren Rijiju) མཆོག་དང་བློན་ཆེན་སྐུ་ཞབས་སཱར་བྷ་ནན་ཏཱ་སོ་ནོ་ཝལ་ (Shri. Sarbananda Sonowal, Cabinet Minister of Ports, Shipping and Waterways; and also Minister of AYUSH) ལགས་རྣམ་གཉིས་དང་། དེ་བཞིན་བློན་ཆེན་གཞོན་པ་སྐུ་ཞབས་རཱཇ་ཀུ་མཱར་རན་ཇན་སིངྒ་ (Shri. Rajkumar Ranjan Singh, MoS External Affairs and Education) ལགས་དང་བློན་ཆེན་གཞོན་པ་སྐུ་ཞབས་རཱ་མེཤ་ཝར་ཏེ་ལི་ (Shri. Rameswar Teli, MoS Petroleum and Natural Gas; and Labour and Employment) ལགས་རྣམ་གཉིས་ཚུད་པའི་གནད་ཡོད་མི་སྣ་སོགས་མཉམ་ཞུགས་གནང་འདུགསྐབས་དེར་སྐུ་ཞབས་ཁེ་རན་རེ་ཇེ་ཇུ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་འཚམས་འདྲི་གནང་བ་དང་སྦྲགས། རྒྱ་གར་བྱང་ཤར་ནས་ཡིན་པའི་གྲོས་ཚོགས་འཐུས་མི་རྣམ་པར་ད་ལན་སྐུ་ཚབ་ཚོགས་ཆུང་དེར་བཅར་དགོས་པའི་དམིགས་ཡུལ་སོགས་ཀྱི་སྐོར་ངོ་སྤྲོད་གནང་། དེ་བཞིན་ཁོང་རྣམ་པས་ཀྱང་གྲོས་ཚོགས་འཐུས་མིའི་ངོ་བོ་ཐོག་ནས་བོད་མི་མང་སྤྱི་འཐུས་རྣམ་པ་དང་མཇལ་འཕྲད་བྱེད་བཞིན་ཡོད་ཚུལ་གསུངས། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གསུང་བཤད་གནང་བ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་དམིགས་བསལ་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་མཚོན་པའི་གནད་དོན་ཁ་ཤས་ཐོག་ངོ་སྤྲོད་ཞུས།ཕྱི་དྲོར་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Mizo National Front) ཞེས་པའི་གྲོས་ཚོགས་འོག་མའི་མི་ཛོ་རམ་ (Mizoram) མངའ་སྡེའི་འཐུས་མི་སྐུ་ཞབས་ལཱ་རོ་སངས་དགའ་ (Shri. C. Lalrosanga) ལགས་དང་མཇལ་འཕྲད་ཞུས། དེ་རྗེས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ (Indian National Congress) ཞེས་པའི་གྲོས་ཚོགས་གོང་མའི་ཨ་སམ་མངའ་སྡེའི་འཐུས་མི་ཟུར་པ་སྐུ་ཞབས་རེ་པུན་བྷོ་ར་ (Shri. Ripun Bora) ལགས་དང་མཇལ་འཕྲད་ཞུས་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཞུ་སྐུལ་ཉིན་གསུམ་པ་གྲུབ་པ་དང་། མུ་མཐུད་ཉིན་ཤས་རིང་རྒྱལ་ས་ལྡི་ལིར་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། ཕྱི་རྒྱལ་གཞུང་ཚབ་ཁག་གིས་གཙོས་པའི་གནད་ཡོད་མི་སྣར་ཞུ་སྐུལ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད། །