༄༅། ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པས་བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་ལས་པ་ཚོའི་སྒྱུ་རྩལ་གོང་འཕེལ་སླད་དམིགས་བསལ་བརྗོད་གཞི་གང་རུང་ཐོག་གློག་བརྙན་བཟོ་ཆེད་མ་དངུལ་གནང་རྒྱུ།
གློག་བརྙན་བརྗོད་གཞི། ཕོ་མོ་འདྲ་མཉམ། བཙན་བྱོལ་བོད་མིའི་མང་གཙོ། དབུ་མའི་ལམ་གྱི་སྲིད་བྱུས། ༼གང་རུང་གཅིག༽
མ་དངུལ། ཧིན་སྒོར་ ༢༠༠,༠༠༠།༠༠ (འབུམ་གཉིས།)
སྐད། བོད་ཨིན་གང་རུང་ཐོག་གློག་བརྙན་སྟེང་གི་གཤམ་ཡིག་ (subtitle) ངེས་པར་དུ་དགོས།
དུས་ཡུན། སྐར་མ ༢༥ ནས་ ༣༠ ལས་མ་མང་བ།
ཞུ་སྙན་འབུལ་ཕྱོགས་དང་། འདེམས་སྒྲུག་བརྒྱུད་རིམ།
༡། ཐོ་འགོད། ལས་གཞི་འདིའི་མ་དངུལ་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༠ གོང་བོད་ཀྱི་བརྙན་འཕྲིན་ཚན་པར་མིང་ཐོ་དེབ་འགོད་གནང་དགོས། ༼ལས་ཁུངས་ཀྱི་ཁ་བྱང་དང་གློག་འཕྲིན་ཁ་བྱང་གཤམ་ལ་གཟིགས།༽
༢། རྩོམ་ཐུང་། གློག་བརྙན་གྱི་ནང་དོན་ཚིག་འབྲུ་བརྒྱ་ལས་མི་ཉུང་བའི་རྩོམ་ཞིག་འདི་གར་འབུལ་དགོས།
༣། དགོས་ངེས་ཡིག་ཆ། དང་བླངས་དཔྱ་དངུལ་དུས་འབུལ་ཟིན་པས་ལག་དེབ་ཀྱི་ངོ་བཤུས།
༤། སྔོན་འགྲོའི་འདེམས་སྒྲུག གློག་བརྙན་འདེམས་སྒྲུག་ཆེད་དོན་མི་སྣས་སྙན་ཞུ་རེ་རེར་ཞིབ་འཇུག་གི་སྔོན་འགྲོའི་འདེམས་སྒྲུག་ནང་ཚུད་པ་རྣམས་ལ་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༣༡ འགྱངས་མེད་བརྡ་ལན་འབུལ་རྒྱུ།
༼སྔོན་འགྲོའི་འདེམས་སྒྲུག་ནང་ཚུད་པ་ཙམ་གྱི་གློག་བརྙན་མ་དངུལ་ཐོབ་པ་ཁྱབ་ཀྱི་མེད།༽
༥། གློག་བརྙན་འབུལ་ཕྱོགས། གློག་བརྙན་བཟོ་སྐྲུན་པས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༣༡ འགྱངས་མེད་རང་ཉིད་ཀྱི་གློག་བརྙན་འདི་གར་རྩིས་སྤྲོད་ཟིན་པ་དགོས།
༥། མཐའ་མའི་འདེམས་སྒྲུག གློག་བརྙན་འདེམས་སྒྲུག་ཆེད་དོན་མི་སྣ་རྣམས་ཀྱིས་གློག་བརྙན་རེ་རེར་ཞིབ་འཇུག་གིས་ཐག་གཅོད་ཇི་བྱུང་སྐབས་འཚམས་གསལ་བསྒྲགས་ཞུ་རྒྱུ།
༦། མ་དངུལ་འབུལ་ཕྱོགས། གློག་བརྙན་འདེམས་སྒྲུག་བྱུང་བ་རྣམས་ལ་གློག་བརྙན་རེར་ཧིན་སྒོར་ ༢༠༠,༠༠༠།༠༠ རེ་འབུལ་རྒྱུ། (དངུལ་འབོར་འདི་ནས་རྒྱ་གར་གཞུང་གི་ཁྲལ་བརྒྱ་ཆ་ ༡༠ གཅོག་དགོས།)
༧། གློག་བརྙན་འདེམས་སྒྲུག་བྱུང་བའི་གློག་བརྙན་ཆ་ཚང་བོད་ཀྱི་བརྙན་འཕྲིན་གྱི་བརྒྱུད་ལམ་ཐོག་རིམ་པས་འདོན་སྤེལ་ཞུ་རྒྱུ་དང་། གློག་བརྙན་དང་འབྲེལ་བའི་བདག་དབང་ཆ་ཚང་བོད་ཀྱི་བརྙན་འཕྲིན་ལ་ཡོད་པ་བཅས།
སྙན་ཞུ་འབུལ་ཡུལ།
The Secretary,
Department of Information & International Relations,
Central Tibetan Administration,
P.O Dharamshala – 176215,
District Kangra, H.P, India
Email: [email protected], [email protected]
Tel: +91-1892-222457, 222510