༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་གྱི་ལས་རིམ་མང་དུ་གཏོང་རྒྱུ་དང་། བོད་མི་གློག་བརྙན་བཟོ་ལས་པ་ཚོར་གློག་བརྙན་བཟོ་སྐྲུན་གྱི་ཆེད་ལས་ཐོག་དོ་དབྱིངས་དང་སྒྱུ་རྩལ་གོང་འཕེལ་གཏོང་རྒྱུར་དམིགས་ཏེ། འདི་ནས་དོ་དབྱིངས་ཡོད་མཁན་བོད་མི་གློག་བརྙན་བཟོ་བསྐྲུན་པ་ཚོར་དུས་ཐུང་དངོས་འབྱུང་གློག་བརྙན་ (སྐར་མ་ ༡༥ ནས་ ༢༠) གསར་བཟོའི་ལས་དོན་ཆེད་དུ་བོགས་མ་གཏོང་རྒྱུ་ཡིན་པས། གློག་བརྙན་གྱི་བརྗོད་གཞི་དང་དགོས་ངེས་ཆ་རྐྱེན་སོགས་ཞིབ་ཕྲ་ཤེས་རྟོགས་ཆེད་གཤམ་འཁོད་ཁ་བྱང་ཐོག་འབྲེལ་གནང་ཡོང་བ་ཞུ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༣ ལ།
ཞུ་སྙན་འབུལ་ཡུལ།
The Secretary,
Department of Information & International Relations,
Central Tibetan Administration,
P.O Dharamshala – 176215,
District Kangra, H.P, India
Email: [email protected], [email protected]
Tel: +91-1892-222457, 222510