༄༅།།བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ས་རཱ་བོད་ཀྱི་མཐོ་སློབ་ཟུང་འབྲེལ་ཐོག་རྒྱ་གར་ནང་ཁ་འཐོར་གནས་སྡོད་བོད་རིགས་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་གཙོ་བོར་འགྱུར་བའི་རྩ་ཆེའི་རིག་གཞུང་དང་། བོད་མིའི་གོམ་བཤིས། ནང་པའི་ལྟ་གྲུབ་ངོ་སྤྲོད་སོགས་ལ་སློབ་སྦྱོང་དང་། སྦྱོང་རྡར་སྤྲོད་ཆེད་༼དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོ་རྟོགས་ལས་གཞི།༽ཞིག་གོ་སྒྲིག་ཞུས་རྒྱུ་ཡིན། ལས་གཞིའི་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་ཕྲུག་རྣམས་ལ་བོད་ཀྱི་མཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རྩ་ཆེའི་རིག་གཞུང་དེ་དག་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཙོས་པའི་རིག་གཞུང་གི་བསྟི་གནས། བོད་མིའི་གཞིས་ཆགས་དང་དགོན་སྡེ་ཁག་ནང་ཉིན་རེའི་བྱེད་སྒོ་སོགས་ལ་ཤེས་རྟོགས་ཆེད་ཡིན།
ལས་གཞིའི་དུས་ཡུན། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༦ ནས་ཟླ་ ༦ ཚེས་ ༤ བར་ཉིན་གྲངས་ ༢༡།
ཐོ་འགོད་དུས་བཀག ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༣༠། རེས་གཟའ་སྤེན་པ།
སློབ་ཕྲུག་གྲངས་ཚད། སློབ་ཕྲུག་ ༢༥ ནས་ ༣༠། འདེམས་སྒྲུག་དེ་ཡང་ཐོ་འགོད་སྙན་ཞུ་འབྱོར་རིམ་བཞིན་བྱ་རྒྱུ།
མཐུན་འགྱུར། འགྲིམ་འགྲུལ། སྡོད་གནས། སློབ་ཡོན། ཞལ་ལག
ཆ་རྐྱེན།
- སྒེར་གྱི་སློབ་གྲྭ་ཁག་ནང་བོད་ཡིག་དང་རིག་གཞུང་གི་སློབ་ཚན་མེད་པའི་བོད་ཕྲུག་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར།
- དོ་བདག་གི་དྭང་བླངས་དཔྱ་དངུལ་འབུལ་འབབ་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
སློབ་ཚན། སྐད་ཡིག ནང་པའི་ལྟ་སྒྲུབ་ངོ་སྤྲོད། རིག་གཞུང་། སྔོན་འགྲོའི་སྒོམ་ཉམས་ལེན། བོད་ཀྱི་རྒྱལ་རབས།
གཟའ་འཇུག་ལས་རིམ།
བོད་ཀྱི་རིག་གཞུང་བསྟི་གནས་ཁག་ཏུ་སྐོར་སྐྱོད།
སྦིར། བཀྲ་ཤིས་ལྗོངས། ཅོན་ཏ་རཱ་བོད་མིའི་གཞིས་ཆགས་དང་དགོན་སྡེ་ཁག་ཏུ་སྐོར་སྐྱོད།
འབྲེལ་བ་བྱེད་ཡུལ།
Department of Religion & Culture
Central Tibetan Administration
Dharamshala-176215 H.P., INDIA
☎+91- 9816743672 / 8296450233