༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༣ ཉིན་བོད་ཀྱི་ཟློས་གར་དུ་བོད་ཀྱི ་ཞོ་སྟོན་ཐེངས་ ༢༥ པ་དེ་བཞིན་ཟླ་ ༤ ཚེས་ ༦ ནས་ ༡༣ བར་ཉིན་གྲངས་བརྒྱད་རིང་སྲུང་བརྩི ་ཞུས་ཡོད་པ་དང་། ཞོ་སྟོན་གྱི་འཁྲབ་གཞུང་ཉིན་མཐའ་ མའི་མཇུག་བསྡོམས་མཛད་སྒོར་དཔལ་ ལྡན་བོད་མི་མང་སྤྱི་འཐུས་ཚོགས་ གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ མཆོག་མཛད་སྒོའི་སྐུ་མགྲོན་གཙོ་ བོར་མགྲོན་འབོད་གནང་བ་ལྟར་གསུང་ བཤད་གནང་དོན། དེ་རིང་བོད་ཀྱི་ཞོ་སྟོན་རྒྱས་པ་ ཐེངས་ ༢༥ མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་ ལ་ཆིབས་བསྒྱུར་བསྐྱངས་པའི་སྐྱ བས་གནས་དགེ་འདུན་གྱི་སྡེ་རྣམ་པ་ དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་ གཙོ་དང་ལས་ཟུར་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུ ང་ཆེ་རྣམ་པ། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེ ལ་མ་ཡིན་པའི་སྒྲིག་འཛུགས་ཁག་གི་ འགན་འཛིན་རྣམ་པ། འདིར་ཕེབས་པའི་མང་ཚོགས་རྣམ་པ་ཡོ ངས་ལ་ཕྲན་ནས་བོད་མི་མང་སྤྱི་འཐུ ས་ལྷན་ཚོགས་ཀྱི་ཚབ་དང་སྒེར་ངོས་ ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ ཞུ་རྒྱུ་ཡིན།

དེའི་མཐུན་རྐྱེན་དུ་ཨ་ཅེ་ལྷ་མོ འི་འཁྲབ་གཞུང་གསར་གཏོད་གནང་ཡོད། ཨ་ཅེ་ལྷ་མོའི་འཁྲབ་གཞུང་ནི་བོ ད་ཀྱི་སྲོལ་རྒྱུན་གྱི་དམངས་འཁྲོ ད་ཀྱི་གཞི་ཡོད་པ་གང་ཞིག་ལ། ཐང་སྟོང་རྒྱལ་པོ་རང་ཉིད་ཀྱི་སྒྲི ག་འཛུགས་བཟོས་ཡོད་པ། སྐབས་དེར་ཐང་སྟོང་རྒྱལ་པོ་བལ་ཡུ ལ་དང་། རྒྱ་གར། ཕལ་ཆེར་བོད་ཀྱི་དར་རྩེ་མདོ་ཕྱོ གས་ལ་ལྕགས་ཟམ་བཙུགས་པའི་ལོ་རྒྱུ ས་ནས་རྒྱ་ནག་ལ་ཕེབས་ཡོད་པའི་བཟོ ་འདྲ་ཞིག་འདུག རིག་གཞུང་མང་པོ་ཞིག་ལས་ལེགས་ཆ་ མང་པོ་ཞིག་བླངས་ནས་བཅོས་སྒྲིག་ གནང་ནས་ད་ལྟ་ང་ཚོའི་མིག་ལམ་དུ་ སྟོན་རྒྱུ་བྱུང་བ་དང་། དེའི་རྗེས་སུ་༸གོང་ས་ལྔ་པ་ཆེན་ པོ་མཆོག་ནས་འབྲས་སྤུངས་ཞོ་སྟོན་ ཞེས་པ་དེ་ནས་དམིགས་བསལ་གྱི་གཟི གས་པ་གནང་སྟེ་བསྐྱར་དུ་དར་སོ་བྱུ ང་བ་དང་། ད་ལྟ་ཡང་ང་ཚོས་མི་ཉམས་རྒྱུན་འཛི ན་གནང་ཐུབ་རྒྱུ་དེ་འདྲའི་ཐོག་ནས་ང་ཚོ་ལྷ་མོ་འཁྲ བ་གཞུང་ཡོངས་གྲགས་ཀྱི་འཁྲབ་གཞུ ང་ ༨ ཆགས་ཀྱི་ཡོད་པ་དང་། དེ་ཡང་དུས་རབས་ ༡༧ པའི་མཇུག་དང་། དུས་རབས་ ༡༨ ནས་དར་སོ་ཆེན་པོ་ཆགས་ཡོད་པར་བརྟེན་བོད་ནང་གི་ད་ལྟའི་ གནས་སྟངས་ཐོག་ནས་བལྟས་པ་ཡིན་ན་ རྒྱ་ནག་གཞུང་གི་ཐོག་ནས་བོད་ཀྱི་ རིག་གཞུང་དང་། ཆོས། ལྷག་པར་སྐད་ཡིག་གོམས་གཤིས་ བཅས་འཆར་གཞི་དང་གོ་རིམ་ལྡན་པའི་ ཐོག་ནས་རྩ་མེད་དུ་བཟོ་ཡི་ཡོད་ པའམ། ཡང་ན་ལོ་རྒྱུས་ཀྱི་འཁྱོག་བཤད་ཐོ ག་ནས་ཀྲུང་གོའི་ཆ་ཤས་བསྒྱུར་བའི་ འབད་བརྩོན་བྱས་པ་དེ་གསལ་པོ་ཆགས་ ཀྱི་ཡོད་པ་རེད།
ང་ཚོ་བཙན་བྱོལ་དུ་མི་ལོ་ ༦༠ ལྷག་འགྲོ་བཞིན་ཡོད་པ་དང་། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་ མགོན་ཆེན་པོ་མཆོག་གི་བཀའ་སློབ་ དང་ལམ་སྟོན་གྱི་ཐོག་ལ་ང་ཚོ་བོད་ མི་རྒན་གཞོན་ཚང་མས་ཤར་བསྐྱོད་ཀྱི ་ཐོག་ནས་ད་ལྟ་ང་ཚོའི་རིག་གཞུང་ གལ་ཆེན་པོ་འདི་ལྟ་བུ་མི་ཉམས་རྒྱུ ན་འཛིན་ཞུ་ཐུབ་པ་ཞིག་ཆགས་ཀྱི་ཡོད། འདི་ཕལ་ཆེར་དམངས་འཁྲོད་ཀྱི་རིག་གཞུང་གི ་སྲོག་ཤིང་ལྟ་བུ་ཆགས་ཡོ ད། སྐྱེ་བོ་མི་ཆོས་ལམ་ལུགས་ཀྱི་ནང་ དོན་གོ་རྒྱུ་ཡོད་པ། དམ་པ་ལྷ་ཆོས་ཀྱི་ནང་དོན་གོ་རྒྱུ ་ཡོད་པ། དེ་འདྲའི་རིག་གཞུང་ཕྱུག་པོ་ཆགས་ཀྱི་ཡོད་པར་བརྟེན་རྣམ་པ་ཚོས་རྒྱུན་འཛི ན་དར་སྤེལ་གནང་ཐུབ་པ་དེར་དམིགས་ བསལ་གྱི་འགན་འཁུར་གལ་ཆེན་པོ་ ཆགས་ཀྱི་ཡོད། དཔེར་ན་ང་ཚོ་ཆོས་ཕྱོགས་ནས་ཞུས་ པ་ཡིན་ན་བསྟན་པ་དར་བའི་སྐབས་སུ་ བསླབ་ཁྲིམས་སྲུང་བ་ཡིན་ན་དེ་ཕན་ ཡོན་ཆེན་པོ་ཡོད། ཡིན་ནའང་བསྟན་པ་ཉམས་པའི་གནས་སྐ བས་སུ་དེ་འདྲའི་བསླབ་བྱ་སྲུང་བ་ ཡིན་ན་དེ་བས་ཀྱང་ཕན་ཡོན་ཆེན་པོ་ ཡོད་པ་གསུང་གི་ཡོད།

