༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༥ ཉིན་མེག་གྷན་ཤིང་མཁར་མགྲོན་ཁང་ དུ་ཉིན་གསུམ་རིང་གི་རྒྱལ་སྤྱིའི ་དབུ་མའི་ལམ་མི་མང་ལས་འགུལ་ཁང་ གི་སྐབས་ལྔ་པའི་ཚོགས་ཆེན་གྱི་ མཇུག་བསྡོམས་མཛད་སྒོ་ཚོགས་གནང་ སོང་།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་ བོར་དཔལ་ལྡན་བོད་མི་མང་སྤྱི་འཐུ ས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟ ན་འཕེལ་མཆོག་དང་། གཞན་ཡང་སྐུ་མགྲོན་སྤྱི་འཐུས་ཁག་ ཅིག རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ ལས་འགུལ་ཁང་གི་སྐབས་ལྔ་པའི་ཚོ གས་ཆེན་ཐོག་གི་ཚོགས་བཅར་བ་རྣམ་ པ་བཅས་ཆེད་ཕེབས་གནང་འདུག
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོ ག་གིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོ གས་དང་། སྒེར་ངོས་ནས་འཚམས་འདྲི་དང་སྦྲ གས་གསུང་བཤད་གནང་དོན། ང་ཚོ་སྤྱི་པའི་སྒྲིག་འཛུགས་གཅི ག་དང་། མི་མང་གི་ཆེད་དུ་དེ་འདྲའི་ལས་ འགུལ་ཁང་ཞིག་བཙུགས་པ་ཡིན་དུས། གཙོ་བོ་ལས་དོན་ཐོག་ལ་ཤུགས་རྒྱག་ ཐུབ་དགོས་པ་གལ་ཆེན་པོ་རེད་འདུག གནད་དོན་དེ་དང་པོ་ཤེས་དགོས་པ་ གལ་ཆེན་པོ་དང་། དེ་དང་མཉམ་དུ་ལས་འགུལ་གྱི་རྣམ་ པ་ཤུགས་ཆེ་ཙམ་སྤེལ་ཐུབ་དགོས་པ་ གལ་ཆེན་པོ་རེད་འདུག ལས་འགུལ་ཟེར་དུས། ནམ་རྒྱུན་ང་ཚོའི་བསམ་བློའི་ནང་ འཁོར་བསྡད་པའི་ཟས་བཅད་ངོ་རྒོལ་ དང་། ལམ་ཁ་ལ་ཕྱིར་འདོན་ནས་སྐད་འབོད་ རྒྱག་པ། གོམ་བགྲོས་གནང་བ་ལྟ་བུ་ཙམ་མ་ཡི ན་པར། ལས་འགུལ་མང་པོ་སྤེལ་རྒྱུ་ཡོད་རེ ད་བསམ་གྱི་འདུག
དབུ་མའི་ལམ་གྱི་སྲིད་བྱུས་ཟེར་ བ་དེ་བོད་རྒྱ་གཉིས་ཕན་ཚུན་ཞི་ འགྲིག་ཡོང་ཐབས་ཀྱི་སྲིད་བྱུས་ཞི ག་ཆགས་བསྡད་ཀྱི་ཡོད་ཅིང་། དེ་ཡང་སྲིད་བྱུས་དེའི་རྒྱབ་ལྗོ ངས་རྒྱུ་མཚན་དེ་དག་དབུ་འབྱེད་ མཛད་སྒོའི་གཏམ་བཤད་ནང་གསུངས་འདུ ག རྣམ་པ་ཚོས་དོ་སྣང་བྱུང་ཡོད་རེད། སྲིད་བྱུས་དེ་བཞིན་དངོས་སུ་ལམ་ དུ་འགྲོ་རྒྱུར་མང་ཚོགས་ངོས་ནས་ གང་གནང་དགོས་ཀྱི་ཡོད་རེད། དེ་བཞིན་འགན་ཁུར་མཁན་རྣམ་པས་གང་ གནང་དགོས་ཀྱི་འདུག ལྷག་པར་དུ་རྒྱ་ནག་གཞུང་ངོས་ནས་ དེ་ལ་འགན་ཁུར་ཞུ་ཕྱོགས་ག་རེ་དགོ ས་ཀྱི་འདུག འགན་ཁུར་གང་འདྲ་གནང་གི་འདུག དེ་ཚོའི་ཐོག་རྣམ་པ་ཚོས་དོ་སྣང་ གནང་དགོས་པ་དེ་གལ་ཆེ་ཤོས་ཆགས་ཀྱི ་འདུག་མ་གཏོགས། ང་ཚོ་ནང་ཁུལ་དབར་དབུ་མ་དང་། རང་བཙན་ཟེར་ནས་ཚོར་བའི་ཐོག་ལ་ འགྲོ་བསྡད་པ་ཡིན་ན། དོན་དག་ངོ་མ་དེ་བརླག་འགྲོ་ཡི་ འདུག དངོས་ཡོད་ཀྱི་ང་ཚོའི་དམིགས་ཡུལ་ དེ་འགྲུབ་མ་ཐུབ་པའི་ཐོག་དུས་ཚོ ད་འཕྲོ་བརླག་མང་པོ་འགྲོ་ཡི་འདུག
དེ་བཞིན་ཆབ་སྲིད་ཀྱི་ཐོག་ལ་གོ་ རྟོགས་སླེབས་ཐུབ་ཀྱི་མི་འདུག གང་ལྟར་ང་ཚོ་ཐུན་མོང་གིས་འབད་ བརྩོན་ཞུ་ཡུལ་གཅིག་དང་། ཐུན་མོང་གི་དམིགས་ཡུལ་གཞིར་བཟུ ང་འགྲུབ་ཐུབ་ཀྱི་མི་འདུག བྱས་ཙང་ཚང་མས་ཕྱར་གྲུ་མཉམ་འདེ གས་ཞུ་ཐུབ་དགོས་པ་དང་། གཅིག་གིས་གཅིག་ལ་གུས་ཞབས་དང་། བགྲོ་གླེང་བྱེད་རྒྱུའི་གོ་སྐབས་ དེ་མང་བ་ཡོང་ཐུབ་དགོས་པ་བཟོ་རྒྱུ ་དེ་གལ་ཆེན་པོ་རེད་འདུག དེ་ཚོའི་ཐོག་རྒྱ་ཆེ་ས་ནས་བསམ་བློ ་གཏོང་ཐུབ་དགོས་པ་དེ་གལ་ཆེན་པོ་ རེད་འདུག་ཅེས་དེ་གཅིག་ཞུ་རྒྱུ་ ཡིན།
དེ་བཞིན་རྒྱ་དམར་གཞུང་གིས་ཐོག་ མར་བོད་ནང་བཙན་འཛུལ་བྱེད་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོ ག་གིས་ཕྱི་ལོ་ ༡༩༥༠ ལོར་དགུང་གྲངས་བཅུ་དྲུག་ཐོག་ཆབ་ སྲིད་ཀྱི་ཐུགས་འགན་བཞེས་དགོས་བྱུ ང་བ་དང་། སྐབས་དེ་དུས་ཀྱི་གནས་སྟངས་དེ་ཧ་ ཅང་གི་ཉེན་ཁ་ཆེན་པོའི་ནང་གནས་ བསྡད་ཡོད་རེད། ད་ལྟ་ང་ཚོས་སྐབས་དེ་དུས་ཀྱི་བོ ད་ཀྱི་གནས་སྟངས་དང་། ད་ལྟའི་ཡུག་རེན་གྱི་གནས་སྟངས་ འདྲ་པོ་ཆགས་བསྡད་ཡོད་རེད་ཅེས་ བཤད་སྡོད་གྱིན་འདུག རྩ་བའི་བཙན་འཛུལ་བྱེད་སྟངས་གཅི ག་པ་འདྲ་པོ་ཡིན་ཡང་། བསམ་བློ་ཡག་པོ་བཏང་ནས་དོན་དག་ལ་ བབས་ཡོང་ན་དེ་གཉིས་དབར་གནམ་སའི་ ཁྱད་པར་ཡོད་རེད། རྒྱ་དམར་གྱིས་བོད་ནང་བཙན་འཛུལ་ བྱས་པའི་སྐབས་སུ་བོད་ནང་རྒྱ་མི འི་དམག་མི་ཁྲི་གསུམ་ནས་བཞི་ཙམ་ ཡོད་པ་དང་། དེ་བཞིན་གནམ་གྲུ་དང་། གོ་མཚོན་མང་པོ་ཞིག་བེད་སྤྱོད་ བཏང་ཡོད་རེད། སྐབས་དེ་དུས་བོད་ལ་དམག་མི་དྲུག་ སྟོང་ནས་བརྒྱད་སྟོང་བར་དང་། མེ་སྒྱོགས་རྙིང་པ་ཉི་ཤུ་སུམ་ཅུ་ ཙམ་མ་གཏོགས་ཡོད་མ་རེད་ཟེར་གྱི་ འདུག མཚོན་ཆའི་ཐོག་ནས་ང་ཚོའི་གནས་སྟ ངས་ཧ་ཅང་གི་སྐྱོ་པོ་ཆགས་བསྡད་ཡོ ད་རེད།
ཕྱིས་སུ་ཉམས་ཞིབ་པ་དེ་ཚོས་བཀའ་ མོལ་གསུངས་བར་གཞི་བཞག་ན། རྒྱ་དམར་གྱིས་བོད་ལ་དམག་འཁྲུག་ ཐེངས་ཁྲི་གཅིག་དང་ལྔ་སྟོང་ཙམ་ བརྒྱབ་ཡོད་རེད་ཟེར་གྱི་འདུག ཡིན་ནའང་ང་ཚོར་སྐབས་དེ་དུས་ཀྱི་ ཡིག་ཆ་ཚད་ལྡན་རག་གི་ཡོད་མ་རེད། བོད་དང་རྒྱ་དམར་དབར་དམག་མི་དང་། མཚོན་ཆའི་དབར་གནམ་སའི་ཁྱད་པར་བྱུ ང་ཡོད་རེད། ཡིན་ནའང་ང་ཚོས་རྒྱ་དམར་ལ་ཁ་གཏད་ བཅག་ནས་དམག་འཁྲུག་ཁྲི་གཅིག་དང་ ལྔ་སྟོང་ཙམ་བརྒྱབ་པའི་ལོ་རྒྱུས་ བྱུང་འདུག ང་ཚོས་བསྡོམས་བརྒྱབ་ཡོང་དུས། སྐབས་དེ་དུས་བོད་ནང་གི་དམག་མི་ དང་། གདོང་ལེན་བྱེད་མཁན་རྣམས་ལ་ནུས་ པ་ཤུགས་ཆེན་པོ་ཡོད་པ་གསལ་པོ་རེ ད། ཡིན་ནའང་མཚོན་ཆའི་ཐོག་ནས་འདང་མེ ད་པ་དང་། མིའི་གདོང་ལེན་གྱི་ནུས་པ་ཆེན་པོ ་ཡོད་པའི་བསྡོམས་བརྒྱབ་ཡོད་རེད། དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་ ང་ཚོའི་དམག་ཤུགས་དང་། སྟོབས་ཤུགས་དེ་ཉག་ཕྲ་བ་ཆགས་བསྡ ད་ཡོད་པ་མ་ཟད། སྐབས་དེ་དུས་རྒྱལ་སྤྱིའི་སྤྱི་ ཚོགས་ཀྱི་ཁོར་ཡུག་དེ་དཔེ་མི་སྲི ད་པའི་གནས་སྟངས་སྐྱོ་པོ་ཞིག་ལ་ འཁེལ་བསྡད་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣ ང་མང་བ་གནང་ཡུལ་དེ་ལྷོ་བྱང་ཀོ་ རི་ཡའི་དམག་འཁྲུག་ཆགས་བསྡད་ཡོད་ རེད། བོད་དེ་ཟུར་ལ་ལྷག་ནས། རྒྱ་དམར་གྱིས་གང་བྱས་བྱས་ལྟ་བུ་ ཆགས་ནས་བསྡད་པ་མ་གཏོགས་དེ་ལ་དོ་ སྣང་དང་། རྒྱབ་སྐྱོར་གནང་མཁན་གྱི་རྣམ་པ་ དེ་ཐོན་ཐུབ་མེད། མཐའ་མར་བོད་ནང་གསུམ་པའི་ཚེས་བཅུ ར་ཞི་རྒོལ་དང་། རིམ་པས་༧སྐྱབས་མགོན་རིན་པོ་ཆེ་ རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོ ས་བྱུང་ཡོད། ངས་དེ་ཞུ་དགོས་པ་དེ་གང་རེད་ཟེར་ ན། ང་ཚོས་ལོ་རྒྱུས་ལ་བལྟས་ནས་མ་འོ ངས་པའི་ཁ་ཕྱོགས་སམ་ཡང་ན་བསམ་བློ ་གསར་པ་ཟེར་ནའང་མི་འདུག ལས་འཆར་གསར་པ་ཟེར་ནའང་མི་འདུག ལོ་རྒྱུས་ཐོག་ལ་ཉམས་ཞིབ་བྱེད་ དགོས་ནའང་འདྲ། དངོས་སུ་ལག་ལེན་ཐོག་ལའང་རྒྱབ་སྐྱོ ར་བཙལ་རྒྱུས་མཚོན་པའི་མ་འོངས་ པའི་བྱེད་ཕྱོགས་ཐོག་ལ་དོ་སྣང་ གནང་དགོས་པ་གལ་ཆེན་པོ་ཡིན་སྟབས་ དེ་ཞུས་པ་ཡིན།
ང་ཚོ་བཙན་བྱོལ་ལ་འབྱོར་རྗེས། གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི ་ཐུགས་རྗེའི་བཀའ་དྲིན་དང་། དེ་བཞིན་རྒྱ་གར་གཞུང་གི་བཀའ་དྲི ན་ལ་བརྟེན་ནས། ང་ཚོ་ད་ལྟའི་ཆར་མང་གཙོའི་ཀ་བ་ གསུམ་ལྡན་གྱི་སྒྲིག་འཛུགས་ཐོག་ ནས་མང་གཙོའི་ལམ་ལུགས་ཐོག་ཁ་ཡོད་ ལག་ཡོད་ཐོག་འགྲོ་བཞིན་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེས་ཕྱི་ལོ་ ༢༠༠༡ ནས་ཕྱེད་བགྲེས་ཡོལ་དང་། ༢༠༡༡ ནས་བགྲེལ་ཡོལ་ཆ་ཚང་ཞུས་པ་ཡིན་ཞེ ས་མི་གཅིག་ལ་བརྟེན་མ་དགོས་པར་ མང་ཚོགས་ནས་འགན་ཁུར་བའི་ཐོག་ནས་ བོད་ཀྱི་མ་འོངས་པའི་ཐག་གཅོད་བྱེ ད་དགོས་ཀྱི་འདུག་ཅེས་མང་ཚོགས་ལ་ དབང་ཆ་ཆ་ཚང་མར་གནང་བ་རེད།
སྤྱིར་ལོ་རྒྱུས་ཐོག་དང་། དངོས་ཡོད་གནས་ཚུལ་གང་ནས་བལྟས་ཀྱ ང་བོད་ཀྱི་ངོ་བོ་མཚོན་ཐུབ་མཁན་ དང་། ཐག་གཅོད་བྱེད་ཐུབ་མཁན་གྱི་ནུས་ པ་དེ་༧སྐྱབས་མགོན་རིན་པོ་ཆེར་མ་ གཏོགས་གཞན་སུ་ལའང་ཡོད་མ་རེད། དེ་ཡིན་དུས་མགོན་པོ་གང་གིས་ཐག་ གཅོད་གང་གནང་བ་དེའི་ཐོག་ང་ཚོ་ མང་ཚོགས་ནས་མདུན་བསྐྱོད་གང་གནང་ དགོས་ཀྱི་འདུག ཆ་ཤས་གང་བཞེས་དགོས་ཀྱི་འདུག དེ་ལ་ཞབས་འདེགས་གང་ཞུ་དགོས་ཀྱི་ འདུག རྩ་བའི་མང་གཙོ་ལ་ཐོབ་ཐང་གཅིག་ དང་། ལས་འགན་གཅིག་བཅས་གཉིས་བཤད་སྲོལ་ ཡོད་པ་ལྟར། ཐོབ་ཐང་དང་མཉམ་དུ་ལས་འགན་འགྲུབ་ དགོས་པ་དེ་ཡང་ཧ་ཅང་གི་གལ་ཆེན་པོ ་རེད་འདུག འཐུས་ཤོར་ཆུང་ཆུང་ཙམ་ཞིག་ཕྱིན་ ཚར་བ་ཡིན་ན། དེ་སླར་གསོ་བྱེད་རྒྱུར་ཁག་པོ་ཞེ ་དྲག་འདུག མང་ཚོགས་དང་། ལས་ཀྱི་སྣེ་མོ་བ་ཚང་མས་འགན་ཁུར་ ཞུ་ཐུབ་དགོས་པ་དེ་གནད་འགག་ཆེན་ པོ་རེད་འདུག
༧སྐྱབས་མགོན་རིན་པོ་ཆེས་ཕྱི་ལོ་ ༢༠༡༨ ལོར་དབུ་མའི་ལམ་གྱི་ཚོགས་ཆེན་སྐ བས་ཚོགས་བཅར་བ་རྣམས་ལ་མཇལ་ཁ་སྩོ ལ་སྐབས་དབུ་མའི་ལམ་གྱི་བྱུང་རི མ་དང་། དེའི་ཐོག་ཕེབས་དགོས་པའི་རྒྱུ་ མཚན་དང་བཅས་པ་གསུངས་པའི་ཐོག་སོ གས་ལ་ཐུགས་སྣང་གནང་ཐུབ་པ་ཡིན་ན། སྲིད་བྱུས་དེ་ལ་ངེས་ཤེས་རྙེད་ཐུ བ་པ་དང་། དེའི་རྒྱབ་ལྗོངས་འགྲེལ་བཤད་བརྒྱ བ་ཐུབ་པ། དེའི་དགོས་པ་དང་། དམིགས་ཡུལ་སོགས་ལ་ངེས་པ་རྙེད་ཐུ བ་པ། རྩ་བའི་སྲིད་བྱུས་ཟེར་བ་དེར་མང་ ཚོགས་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་འབྲེལ་བ་ངེས་པར་དུ་ དགོས་ཀྱི་འདུག སྲིད་བྱུས་ཟེར་བ་དེ་མང་ཚོགས་ལ་ དགོས་མཁོ་མེད་པ་ཡིན་ན། དེ་བེད་སྤྱོད་མེད་པ་ཆགས་འགྲོ་ཡི ་རེད། དེ་མང་ཚོགས་ཀྱི་ཁེ་ཕན་དང་། མི་རིགས་དང་འཐབ་རྩོད་ཀྱི་ཁེ་ཕན་ དང་འབྲེལ་བ་ཡོད་བསྡད་པ་ཞིག་དང་། སྤྱི་ཚོགས་དང་ཐད་ཀར་འབྲེལ་བ་ཡོ ད་བསྡད་པ་ཞིག་དགོས་ཀྱི་རེད། ང་ཚོའི་ཕྱོགས་ནས་འགན་ཁུར་ཞུ་དགོ ས་པ་ག་རེ་འདུག རྒྱ་ནག་ཕྱོགས་ནས་འགན་ཁུར་ཞུ་དགོ ས་པ་ག་རེ་འདུག ང་ཚོས་རྒྱ་ནག་འགོ་ཁྲིད་དེ་ཚོའི་ བྱེད་ཕྱོགས་འགྲིག་གི་མེད་པ་དང་། རྒྱ་ནག་མང་ཚོགས་ལ་བསམ་ཚུལ་མེད་ པ་སོགས་བོད་དོན་ཐོག་རྒྱ་མིའི་ མང་ཚོགས་དང་གོ་བསྡུར་གནང་དགོས་ པ་གལ་ཆེན་པོ་རེད་འདུག་སོགས་གསུ ངས་གནང་རྗེས། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ སྤྱིའི་དབུ་མའི་ལམ་མི་མང་ལས་འགུ ལ་ཁང་གི་དབུས་རྒྱུན་གསར་པ་རྣམས་ ལ་འཚམས་འདྲིའི་མཇལ་དར་བསྒྲོན་ འབུལ་གནང་ཡོད་པ་བཅས། །