༄༅། །འདི་གར་ཁམས་ཀཿཐོག་ས་ཊོན་གཞིས་ལས་ཁང་ནས་བཏང་གནས་ནང་འཁོད་དོན། སིར་མོར་རྫོང་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གསུམ་སྟེ་ཀུམ་རའོ་བོད་མིའི་གཞིས་ཆགས་དང་། ཁམས་ཀཿཐོག་ས་ཊོན་བོད་མིའི་གཞིས་ཆགས། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་བཅས་ཀྱི་ཆེད་ནད་པ་འདྲེན་འཁོར་ (Ambulance) ཞིག་འཇར་མན་གྱི་རོགས་ཚོགས་ (German Aid to Tibetans) ནས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་བརྒྱུད་གནང་འབྱོར་བྱུང་བར་སྤོན་ཊ་ཆོལ་གསུམ་ཞྭ་ལུ་དགོན་གྱི་དགོན་བདག་མཆོག་གིས་རབ་གནས་དང་ཆོས་ཕྱོགས་བྱ་བ་གནང་ཟིན་རྗེས་ཁམས་ཀཿཐོག་སྔ་འགྱུར་རྙིང་མའི་དགོན་གྱི་དབུ་བླ་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་མཆོག་དང་དགེ་འདུན་པས་རབ་གནས་མཛད་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།