༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དགེ་བཤེས་ ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ ལགས་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༣ ནས་ ༢༦ བར་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུ ན་ཁྱབ་ཁོངས་བོད་མིའི་གནས་སྡོད་ ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཀྱི ་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཕྱི་ཚེས་ ༡༣ ཉིན་གྱི་དགོང་དྲོ་སྤྱི་འཐུས་རྣ མ་པ་བདེ་སྐྱིད་གླིང་གཞིས་ཆགས་སུ ་ཕེབས་འབྱོར་སྐབས། སྡེ་ར་ལྡུན་ས་གནས་འགོ་འཛིན་དང་། བྱང་ཕྱོགས་སྐོར་བསྐྱོད་ཁྲིམས་ཞི བ་པ། བདེ་སྐྱིད་གླིང་ས་འཐུས་ཚོགས་གཙོ ། སྡེ་ར་ལྡུན་ས་གནས་རང་བདེན་ཚོགས་ གཙོ། ས་གནས་སྤྱི་མི། གཞུང་འབྲེལ་མིན་པའི་ཚོགས་སྡེ་ ཁག་གི་སྐུ་ཚབ་རྣམ་པས་ཕེབས་བསུའི ་སྣེ་ལེན་ཞུས་གནང་།
ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་ པས་ས་སྐྱ་སྒྲོལ་མ་ཕོ་བྲང་དུ་ དཔལ་ས་སྐྱའི་སྐྱབས་མགོན་༧གོང་མ་ ཁྲི་ཆེན་རིན་པོ་ཆེ་མཆོག་དང་། དཔལ་ས་སྐྱའི་༧ཁྲི་འཛིན་རིན་པོ་ ཆེ་མཆོག་རྣམ་གཉིས་མཇལ་བཅར་ཞུས་ པ་དང་། དེ་རྗེས་བདེ་སྐྱིད་གླིང་ས་སྐྱ་ བཙུན་དགོན་དུ་དཔལ་ས་སྐྱའི་༧གོང་ མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ས་སྐྱ་༧ཁྲི་འཛིན་རིན་པོ་ཆེ་མཆོ ག་རྣམ་གཉིས་ཆིབས་བསྒྱུར་གནང་སྐ བས་སུའང་སྤྱི་འཐུས་རྣམ་པ་གཉིས་ ཕེབས་བཅར་ཞུས་གནང་འདུག དེ་ནས་བདེ་སྐྱིད་གླིང་ས་གནས་ འགོ་འཛིན་ལས་ཁུངས་སུ་ཆེད་ཕེབས་ ཀྱིས་ཐེངས་འདིའི་ཁྱབ་ཁོངས་ས་ གནས་ཁག་གི་ལས་རིམ་ཐོག་བཀའ་བསྡུ ར་གནང་རྗེས། རིམ་པས་ས་གནས་དམག་ཟུར་ལས་ཁུངས་ དང་། ས་འཐུས་ཚོགས་ཁང་དང་རྒྱུན་ལས་ ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་རང་བདེན་ཚོགས་ཆུང་། བྱང་ཕྱོགས་ཁྲིམས་ཞིབ་ཁང་། སྐོར་བསྐྱོད་ཁྲིམས་ཞིབ་ཁང་བཅས་ ལ་འཚམས་གཟིགས་སུ་ཕེབས་ཤིང་། དེའི་སྐབས་ཁོངས་སོ་སོའི་འབྲེལ་ ཡོད་ནས་སྣེ་ལེན་དང་། ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་ ངོ་སྤྲོད་སྙན་སེང་ཞུས་གནང་འདུག
ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་ པ་དགེ་འཕེལ་གླིང་གཞིས་སྒར་དུ་ འཚམས་གཟིགས་ཕེབས་སྐབས། ས་གནས་མི་མང་ནས་ཕེབས་བསུའི་སྣེ་ ལེན་དང་། དེ་བཞིན་བརྒྱ་དཔོན་ནས་ས་གནས་དེ ར་བོད་མི་མང་སྤྱི་འཐུས་འཚམས་གཟི གས་ཕེབས་པ་ཐེངས་དང་པོ་རེད་ཅེས་ ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གཞིས་སྒར་ངོ་སྤྲོད་དང་བཅས་ཉེ་ འཁོར་ཁོར་ཡུག་ལ་གཟིགས་ཞིབ་གནང་ རྗེས། བོད་ཁྱིམ་ཉིན་སློབ་ཀྱི་འཛིན་ཁང་ དང་། དཔེ་མཛོད་ཁང་བཅས་ལ་གཟིགས་སྐོར་ དང་། དེ་ནས་སློབ་སྤྱིའི་ལས་ཁུངས་ནང་ བོད་ཁྱིམ་སྤྱི་ཁྱབ་དྲུང་ཆེ་དང་། ས་གནས་འགོ་འཛིན་བཅས་ལྷན་འཛོམས་ ཐོག་སློབ་གྲྭའི་ནང་མ་འོངས་པར་བོ ད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོ གས་ཐད་བཀའ་བསྡུར་དང་། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་ མངོན་དགའ་སློབ་གྲྭར་འཚམས་གཟིགས་ ཕེབས་ཏེ། སློབ་ཕྲུག་རྣམས་ཐུག་འཕྲད་དང་། འཛིན་ཁང་། ཉལ་ཁང་བཅས་ལ་གཟིགས་སྐོར་གནང་རྗེ ས། འགན་འཛིན་ལས་ཁུངས་སུ་དགེ་རྒན་རྣ མས་དང་། ས་གནས་འགོ་འཛིན་ལྷན་འཛོམས་ཐོག དེ་གའི་ཁྱབ་ཁོངས་སློབ་ཕྲུག་རྣ མས་སློབ་གྲྭ་གཞན་དང་མི་འདྲ་བར་ ལུས་སེམས་གཉིས་ལ་དཀའ་ངལ་ཡོད་ མཁན་ཤ་སྟག་ཡིན་སྟབས། ལས་བྱེད་རྣམ་པས་བྱམས་སྐྱོང་དང་ གཟིགས་རྟོག་གང་ལེགས་གནང་དགོས་པ་ གལ་ཆེ་ཡིན་སྐོར་གྱི་ལམ་སྟོན་དང་ ། མ་འོངས་ལས་དོན་གནང་ཕྱོགས་ཐད་ བཀའ་བསྡུར་གནང་།
དེ་རྗེས་རིམ་པས་བདེ་སྐྱིད་གླིང་ ལག་ཤེས་བཟོ་ལས་ཁང་དང་། འཇམ་དབྱངས་ལག་ཤེས་བཟོ་ལས་ཁང་། ས་གནས་སྨན་རྩིས་ཁང་བཅས་ལ་གཟིགས་ སྐོར་དང་། ཉིན་རྒྱབ་བདེ་སྐྱིད་གླིང་དང་། དགེ་འཕེལ་གླིང་གཞིས་སྒར་ཁྱབ་ཁོ ངས་མི་མང་འདུ་འཛོམས་གནང་བའི་ཐོག ས་གནས་འགོ་འཛིན་དོན་གྲུབ་རྒྱལ་ པོ་ལགས་ནས་སྤྱི་འཐུས་རྣམ་པ་ འཚམས་གཟིགས་སུ་ཕེབས་དགོས་པའི་ དམིགས་ཡུལ་དང་། ས་གནས་ཀྱི་གནས་སྟངས་ངོ་སྤྲོད་སྙི ང་བསྡུས། དེ་བཞིན་སྤྱི་འཐུས་རྣམ་པ་གཉིས་ ཀྱི་ལོ་རྒྱུས་ངོ་སྤྲོད་གནང་རྗེ ས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི ་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་འཛུགས་དགོ ས་པའི་དམིགས་ཡུལ་བཅས་ཀྱི་ཐོག་ གསུང་བཤད་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ མཆོག་གིས་རྒྱལ་སྤྱིའི་གནས་བབ་ དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟ ངས་ཐོག་གསུང་བཤད་གནང་རྗེས། ས་གནས་མི་མང་ནས་དོགས་འདྲི་ཕུལ་ བ་ཁག་ལ་ལན་འདེབས་གསལ་བཤད་གནང་ འདུག
ཕྱི་ཚེས་ ༡༦ ཉིན་སྤྱི་འཐུས་རྣམ་པ་ཚེ་རིང་དོ ན་ལྡན་གླིང་གཞིས་ཆགས་སུ་ཕེབས་ཤི ང་། ས་གནས་སུ་འབྱོར་སྐབས་མང་ཚོགས་ ནས་སྣེ་ལེན་ཕེབས་བསུ་ཞུས་རྗེས། གཞིས་ཆགས་ཀྱི་སྤྱིའི་གནས་སྟངས་ ཐོག་གཟིགས་ཞིབ་དང་། གཞིས་ཁོངས་མི་མང་རྣམས་ལ་གོང་བཞི ན་བརྗོད་གཞིའི་ཐོག་གསུང་བཤད་དང་ ། མང་ཚོགས་ནས་དོགས་འདྲི་ཕུལ་བ་ཁག་ ལ་ལན་འདེབས་གསལ་བཤད་གནང་། དེ་ནས་གླིང་ཚང་གཞིས་ཆགས་སུ་ཕེ བས་ཐོན་གནང་བ་དང་། དེར་དཔལ་ངོར་ཨེ་ཝཾ་ཆོས་ལྡན་དགོ ན་པའི་མཁན་པོ་མཆོག་གིས་གཙོས་དགེ ་འདུན་པ་རྣམ་པས་ཕེབས་བསུ་ཞུས་རྗེ ས། དགོན་པར་ཆོས་མཇལ་དང་། རིམ་པས་རྫ་སྨོན་རྒྱལ་གཡུང་དྲུང་ དགོན་པ་དང་། དཔལ་ས་སྐྱའི་གསང་སྔགས་རྒྱུད་ཀྱི ་བཤད་གྲྭ། དཔལ་ས་སྐྱའི་བརྩེ་ཆེན་བཤད་སྒྲུ བ་བསམ་གཏན་ཕུན་ཚོགས་གླིང་བཙུན་ དགོན། རྫོགས་ཆེན་མདོ་སྔགས་ཆོས་གླིང་རྙི ང་དགོན་བཅས་ལ་ཆོས་མཇལ་བཅས་ཞུས། དེ་ནས་ས་གནས་མི་མང་རྣམས་འདུ་འཛོ མས་ཐོག་སྤྱི་འཐུས་རྣམ་པས་གོང་ བཞིན་བརྗོད་གཞིའི་ཐོག་གསུང་བཤད་ དང་། མང་ཚོགས་ནས་དོགས་འདྲི་ཕུལ་བ་ཁག་ ལ་ལན་འདེབས་གསལ་བཤད་གནང་རྗེས། གླིང་རྗེ་གེ་སར་ལྷ་ཁང་དུ་ཆོས་ མཇལ་དང་། ཉིན་དེར་གླིང་རྗེ་གེ་སར་གྱི་འཁྲུ ངས་སྐར་འཁེལ་ཡོད་སྟབས། བོད་སྲོལ་ལྟར་གྲོ་སོ་ཕྱེ་མར་མཆོ ད་རྗེས། མདོ་ཁམས་ཆུ་སྒང་དམག་ཟུར་ཨོ་རྒྱ ན་འཇིགས་མེད་ལགས་ནས་སྤྱི་འཐུས་ རྣམ་པ་གཉིས་ལ་འཚམས་འདྲིའི་མཇལ་ དར་དང་། ཆུ་སྒང་བསྟན་སྲུང་དང་བླངས་དམག་ གི་ལོ་རྒྱུས་སྙིང་བསྡུས་ཤིག་གསུ ངས་པ་དང་། སྤྱི་འཐུས་རྣམ་པ་གཉིས་ནས་སྤྱིར་ རྒན་རབས་པ་ཚོ་བཀའ་དྲིན་ཆེན་པོ་ ཡིན་གནས་དང་། ལྷག་པར་དུ་བོད་མི་རིགས་ཀྱི་ཆེད་ དུ་རང་སྲོག་བློས་གཏོང་གནང་མཁན་ གྱི་ཆུ་སྒང་དཔའ་བོ་ཚོར་རྒྱུན་ལྡ ན་ནས་གུས་ཞབས་ཞུ་བཞིན་ཡོད་སྐོར་ ཞུས་རྗེས། སྤྱི་ཟུར་གླིང་ཚང་ཚེ་རྡོ་ལགས་ཀྱི ས་གླིང་ཚང་གཞིས་ཆགས་ནང་གི་ལག་ཤེ ས་ཐོན་རྫས་དྲིལ་བུ་དང་། རྡོ་རྗེ་བཅས་སྤྱི་འཐུས་རྣམ་པ་ གཉིས་ལ་ཕྱག་རྟགས་སུ་ཕུལ་གནང་འདུ ག
ཕྱི་ཚེས་ ༡༧ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་དོ ན་གྲུབ་གླིང་གཞིས་ཆགས་སུ་ཕེབས་ ཐོན་གྱིས་ས་གནས་སུ་འབྱོར་སྐབས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ དང་། ས་གནས་ལས་ཁུངས་ཀྱི་དྲུང་ཆེ་དང་། དྲུང་ཆེ་ལས་རོགས། ས་གནས་བུད་མེད་ཚོགས་གཙོ། སློབ་གྲྭའི་སློབ་སྤྱིས་གཙོས་དགེ ་ལས་རྣམས་ཀྱིས་ཕེབས་བསུ་ཞུས་རྗེ ས། མི་མང་ཚོགས་འདུར་ཕེབས་ཏེ། སྤྱི་འཐུས་རྣམ་པས་གོང་བཞིན་བརྗོ ད་གཞིའི་ཐོག་གསུང་བཤད་དང་། མང་ཚོགས་ནས་དོགས་འདྲི་ཕུལ་བ་ཁག་ ལ་ལན་འདེབས་གསལ་བཤད་གནང་། དེ་རྗེས་མདོ་ཁམས་ཆུ་སྒང་རྒས་གསོ ་ཁང་དུ་ཕེབས་ཏེ། རྒན་རབས་རྣམ་པར་ཐུག་འཕྲད་དང་། སྐབས་དེར་ཆུ་སྒང་དབུས་རྒྱུན་ཨོ་ རྒྱན་འཇིགས་མེད་ལགས་སོགས་ནས་སྣེ ་ལེན་དང་། སྤྱི་འཐུས་རྣམ་པ་གཉིས་ལ་རྒས་གསོ ་ཁང་ཐོག་མར་བཙུགས་དགོས་པའི་དམི གས་ཡུལ་དང་། ད་ལྟའི་གནས་སྟངས་བཅས་ངོ་སྤྲོད་ སྙན་སེང་དང་། སྤྱི་འཐུས་རྣམ་པ་གཉིས་ནས་སྔར་ བཞིན་ལས་དོན་མཇུག་སྐྱོང་དགོས་ པའི་ལམ་སྟོན་གནང་རྗེས། རྒས་གསོ་ཁང་གསར་རྒྱག་ལས་གཞིར་ གཟིགས་ཞིབ་གནང་། རིམ་པས་སྨིན་གྲོལ་གླིང་དགོན་པ་ དང་། བཀྲིས་འཁྱིལ་དགོན་པ་བཅས་ལ་ཆོས་ མཇལ་དང་། ས་གནས་སྨན་རྩིས་ཁང་བཅས་ལ་གཟིགས་ ཞིབ་གནང་། དེ་ནས་ཅན་ད་མན་ས་གནས་སུ་ཕེབས་ཐོ ན་གྱིས། དེར་འབྱོར་སྐབས་ས་གནས་མི་མང་ནས་ སྣེ་ལེན་ཞུས་རྗེས། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་ རྣམ་པ་གཉིས་ནས་གོང་བཞིན་བརྗོད་ གཞིའི་ཐོག་གསུང་བཤད་དང་། མི་མང་ནས་དོགས་འདྲི་ཕུལ་བ་ཁག་ལ་ ལན་འདེབས་གསལ་བཤད་གནང་འདུག
ཕྱི་ཚེས་ ༡༨ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་མ་ སུ་རི་བོད་ཁྱིམ་སློབ་གྲྭར་ཕེབས་ ཐོན་གྱིས་དེར་འབྱོར་སྐབས། དྲུང་ཆེ་དང་། སློབ་སྤྱིས་གཙོས་དགེ་ལས་ཡོངས་ ནས་སྣེ་ལེན་ཕེབས་བསུ་ཞུས་རྗེས། དྲུང་ཆེ་ནས་སློབ་གྲྭ་ཐོག་མ་འཛུ གས་སྟངས་སྐོར་ངོ་སྤྲོད་སྙིང་བསྡུ ས་ཞུས་རྗེས། བོད་ཁྱིམ་སློབ་གྲྭ་དང་། བོད་ཁྱིམ་སྔོན་གྲོའི་སློབ་གྲྭ རིག་གཞུང་སྡེ་ཚན། འཛིན་གྲྭ བུའི་སྡོད་ཁང་བཅས་ལ་གཟིགས་ཞིབ་ དང་། དེ་ནས་སྤྱི་འཐུས་རྣམ་པ་གཉིས་ཀྱི ས་བོད་ཁྱིམ་དགེ་སློབ་རྣམས་ལ་གོ ང་བཞིན་བརྗོད་གཞིའི་ཐོག་གསུང་ བཤད་དང་། དགེ་སློབ་རྣམས་ཀྱི་དོགས་འདྲི་ ཁག་ལ་ལན་འདེབས་གསལ་བཤད་གནང་རྗེ ས། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་རྒན་ གསོ་ཁང་ལ་གཟིགས་ཞིབ་གནང་། ཉིན་རྒྱབ་མ་སུ་རི་སམ་བྷོ་ཊ་གཏན་ སློབ་ལ་གཟིགས་སྐོར་ཕེབས་སྐབས། དེ་གའི་སློབ་སྤྱི་དང་དགེ་སློབ་ ཡོངས་ནས་སྣེ་ལེན་ཕེབས་བསུ་ཞུས་ རྗེས། སློབ་སྤྱི་ནས་སློབ་གྲྭ་རྩིས་ལེ ན་གང་ལེགས་བྱུང་ཡོད་སྐོར་སོགས་ ངོ་སྤྲོད་སྙིང་བསྡུས་ཞུས་རྗེས། སློབ་གྲྭའི་སྡེ་ཚན་ཁག་ལ་གཟིགས་ ཞིབ་དང་། སློབ་གྲྭའི་ཚོགས་ཁང་དུ་སློབ་སྤྱི ས་གཙོས་དགེ་ལས་ཡོངས་ལ་གསུང་བཤད་ དང་། ཚོགས་བཅར་བས་དོགས་འདྲི་ཕུལ་བ་ ཁག་ལ་ལན་འདེབས་གསལ་བཤད་གནང་བ་ དང་། ཕྱི་དྲོ་དེ་ཁུལ་ཁ་ཐོར་མི་མང་རྣ མས་ཐུག་འཕྲད་གནང་ཡོད་འདུག
ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་ པ་ར་ཇ་སྤུར་བོད་ཁྱིམ་སློབ་གྲྭར་ ཕེབས་པ་དང་། སྐབས་དེར་བོད་ཁྱིམ་སྤྱི་ཁྱབ་དྲུ ང་ཆེ་དང་། སློབ་སྤྱིས་གཙོས་དགེ་ལས་རྣམས་ ནས་ཕེབས་བསུ་ཞུས་རྗེས། སློབ་གྲྭའི་སྡེ་ཚན་ཁག་དང་། སྨན་ཁང་། སྡོད་ཁང་བཅས་ལ་གཟིགས་ཞིབ་དང་། དེ་ནས་སློབ་གྲྭའི་དགེ་ལས་རྣམས་ དང་ལྷན་ཕན་ཚུན་དགོངས་ཚུལ་བརྗེ་ ལེན། དེ་བཞིན་བོད་ཁྱིམ་དྲུང་ཆེ་དང་། སློབ་སྤྱི། ས་གནས་འགོ་འཛིན་བཅས་དང་ལྷན་སློ བ་གྲྭའི་འཛིན་སྐྱོང་དང་ཤེས་ཡོན་ ཡར་རྒྱས་གཏོང་ཕྱོགས་ཐད་བཀའ་བསྡུ ར་གནང་། དེ་རྗེས་ར་ཇ་སྤུར་བུད་མེད་བཟོ་ གཞིས་ཁང་དུ་ཕེབས་ཏེ། བཟོ་གཞིས་འགན་འཛིན་དང་། བུད་མེད་ཚོགས་གཙོ། ས་གནས་མི་མང་བཅས་ནས་ཕེབས་བསུ་ཞུ ས་རྗེས། སྤྱི་འཐུས་རྣམ་པ་གཉིས་ནས་གོང་ བཞིན་བརྗོད་གཞིའི་ཐོག་གསུང་བཤད་ དང་། མང་ཚོགས་ནས་དོགས་འདྲི་ཕུལ་བ་ཁག་ ལ་ལན་འདེབས་གསལ་བཤད་གནང། དེ་ནས་ར་སྤུར་གནས་ཞུགས་བོད་པ་ཡེ ་ཤུ་རྗེས་འབྲངས་པ་སེ་ཡེ་ཤེས་ ལགས་དང་ཐུག་འཕྲད་ཀྱིས་བོད་དོན་ སྐོར་དང་། ཆོས་ཕྱོགས་ཐད་དགོངས་ཚུལ་བརྗེ་ལེ ན་གནང་འདུག
ཉིན་རྒྱབ་སྤྱི་འཐུས་རྣམ་པ་དཔལ་ ས་སྐྱའི་མཐོ་སློབ་ཏུ་ཕེབས་པ་དང་ ། སྐབས་དེར་མཁན་པོ་མཆོག་གིས་ཕེབས་ བསུ་ཞུས་རྗེས། དེ་གའི་མཐོ་སློབ་ཚོགས་ཁང་ནང་དགེ ་འདུན་པ་འདུ་འཛོམས་ཐོག མཁན་པོ་མཆོག་ནས་སྤྱི་འཐུས་རྣམ་ པ་གཉིས་ངོ་སྤྲོད་སྙིང་བསྡུས་ཞུ ས་རྗེས། སྤྱི་འཐུས་རྣམ་པ་གཉིས་ནས་གོང་ བཞིན་བརྗོད་གཞིའི་ཐོག་གསུང་བཤད་ དང་། དེ་ནས་སྡེ་ར་ལྡུན་ཆོལ་གསུམ་གསར་ འབྱོར་སྐྱིད་སྡུག་གི་ཚོགས་གཙོ་ དང་། ཚོགས་གཞོན་གཙོས་རྒྱུན་ལས་རྣམ་ པས་སྙན་ཞུ་དང་། ངག་ཐོག་བདེ་སྡུག་གང་ཞུས་ལ་སྤྱི་ འཐུས་རྣམ་པས་གསལ་བཤད་གནང་ཡོད་ འདུག
ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་ པ་ན་ནི་ཏལ་ལ་ཕེབས་ཐོན་གྱིས་ས་ གནས་སུ་འབྱོར་སྐབས། ཁ་ཐོར་མི་མང་གི་ཚོགས་གཙོ་དང་། རྒྱུན་ལས་རྣམ་པས་ཕེབས་བསུའི་སྣེ ་ལེན་དང་། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་སྒོ་མང་དགའ་ལྡན་ ཀུན་ཁྱབ་གླིང་དུ་ཆོས་མཇལ་ཞུས་ཤི ང་། སྐབས་དེར་དགོན་པའི་མཁན་པོ་མཆོག་ གིས་སྤྱི་འཐུས་རྣམ་པ་སྣེ་ལེན་ དང་སྦྲགས་འདས་པའི་དགོན་པའི་བྱུ ང་རིམ་དང་། ད་ལྟའི་གནས་སྟངས་སྐོར་སྙན་སེང་ དང་། དེ་རྗེས་ཁ་ཐོར་མི་མང་རྣམས་ལ་ཐུ ག་འཕྲད་ཀྱིས་མི་མང་གི་སྤྱིའི་ བདེ་སྡུག་གསན་ཞིབ་དང་། དེ་བཞིན་མང་ཚོགས་ནས་དོགས་འདྲི་ ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་ གནང་རྗེས། ས་གནས་བོད་མིའི་ཚོང་ཁང་ཁག་ལ་གཟི གས་ཞིབ་གནང་། ཉིན་རྒྱབ་རྒྱ་གར་གཞུང་གི་པདྨ་ཤྲི ་རི་གཟེངས་རྟགས་བཞེས་མྱོང་མཁན་ ལོ་རྒྱུས་ཉམས་ཞིབ་པ་དང་། སྲོལ་རྒྱུན་རི་མོ་མཁས་ཅན་འབུམ་ རམས་པ་སྐུ་ཞབས་ཡ་ཤོ་དྷར་མ་དྷ་ པལ་ (Dr. Yashodar Mathpal) མཆོག་དང་ལྷན་མཇལ་འཕྲད་ཀྱིས། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ མཆོག་གིས་རྒྱལ་སྤྱིའི་གནས་བབ་ དང་འབྲེལ། བོད་དོན་འཐབ་རྩོད་སྐོར་དང་། དམིགས་བསལ་༧གོང་ས་མཆོག་སྐུ་གཟུ གས་བདེ་ཐང་ཡིན་སྐོར་སོགས་ཞུས་རྗེ ས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ཚབ་ཞུས་ཏེ། ༧གོང་ས་མཆོག་གིས་ལྗགས་རྩོམ་གནང་ བའི་བཙན་བྱོལ་ནང་གི་རང་དབང་ (Freedom in Exile) ཞེས་པའི་ཕྱག་དེབ་ཕྱག་རྟགས་སུ་ཕུ ལ། དེ་ནས་སྤྱི་འཐུས་རྣམ་པ་སྐུ་ཞབས་ ཁོང་གིས་གསར་འཛུགས་གནང་བའི་ལོ་ རྒྱུས་དང་། སྲོལ་རྒྱུན་རི་མོའི་འགྲེམས་སྟོ ན་ཁང་དུ་གཟིགས་སྐོར་ཕེབས་པ་དང། ཐོག་བརྩེགས་གསུམ་ཅན་གྱི་འགྲེམས་ སྟོན་ཁང་དེའི་ཁང་ཐོག་གསུམ་པ་དེ་ བཞིན་བོད་ཀྱི་ཆེད་དུ་ཡིན་འདུག
ཕྱི་ཚེས་ ༢༤ ཉིན་སྔ་དྲོ་སྡེ་ར་ལྡུན་ཁྱབ་ཁོ ངས་ཚོགས་སྡེ་ཁག་གི་ལས་སྣེ་རྣམས་ དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ ཚོགས་པ་དང་། དེའི་སྐབས་གཙོ་བོ་བོད་ཀྱི་རྩ་དོ ན་འཐབ་རྩོད་སྐོར་སོགས་ལ་བཀའ་བསྡུ ར་དང་། དྲི་བ་དྲིས་ལན་གནང་། ཉིན་རྒྱབ་རྒྱ་གར་བོད་དོན་རྒྱབ་ སྐྱོར་བ་ཞིག་དང་མཇལ་འཕྲད་ཀྱིས། ༧གོང་ས་མཆོག་གིས་ལྗགས་རྩོམ་གནང་ བའི་བཙན་བྱོལ་ནང་གི་རང་དབང་ (Freedom in Exile) ཞེས་པའི་ཕྱག་དེབ་ཕུལ་རྗེས། བོད་དོན་ཐོག་བཀའ་བསྡུར་ལྷུགས་པོ ་གནང་། དེ་ནས་འབྲི་གུང་བཀའ་བརྒྱུད་གཙུ ག་ལག་སློབ་གཉེར་ཁང་དང་། སྲོང་བཙན་དཔེ་མཛོད་བཅས་ལ་གཟིགས་ སྐོར་ཕེབས་པ་དང་། ཕྱི་དྲོ་བོད་དོན་རྒྱབ་སྐྱོར་ཚོ གས་པ་བྷ་ར་ཏ་ཏི་བྷཏ་ས་མན་ཡ་སང་ (Bharat Tibbat Samanvaya Sangh) ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན་གཙོས་ཚོགས་མི་བཅུ་དང་ ལྷན་མཇལ་འཕྲད་ཀྱིས་སྤྱི་འཐུས་ དགེ་བཤེས་ལྷ་རམས་པ་གོ་བོ་བློ་ བཟང་ཕན་བདེ་མཆོག་གིས། སྤྱིར་རྒྱ་གར་གཞུང་མང་གཉིས་ནི་ བོད་མི་ཚོར་ཧ་ཅང་བཀའ་དྲིན་ཆེན་ པོ་ཡིན་པས་ཐུགས་རྗེ་ཆེ་ཞུས་པ་ དང་། ལྷག་པར་དུ་བྷ་ར་ཏ་ཏི་བྷཏ་ས་མན་ ཡ་སང་དབུས་ས་གཉིས་ནས་ད་བར་བོད་ དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ གནང་བར་བཀའ་དྲིན་ཆེ་ཞུས་པ་དང་སྦྲ གས། གནས་ཆེན་གངས་རིན་པོ་ཆེ་ནི་བོད་ དང་རྒྱ་གར་ཕྱོགས་གཉིས་ཀ་དང་འབྲེ ལ་བའི་གནས་རྩ་ཆེན་ཞིག་ཡིན་དུས། ཐུན་མོང་ཐོག་རྒྱ་ནག་གཞུང་ལ་རྩོ ད་དགོས་སྐོར་སོགས་གསུངས་གནང་བ་ དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ མཆོག་གིས་རྒྱལ་སྤྱིའི་སྟེང་གི་ མཁས་པ་ཚོས་བོད་ཀྱི་ཐོག་གཟིགས་སྟ ངས་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོ ག་གསུངས་གནང་འདུག
ཕྱི་ཚེས་ ༢༥ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉི ས་ནས་ཨུ་ཏར་ཁན་ཌི་མངའ་སྡེའི་སྤྱི ་ཁྱབ་བློན་ཆེན་སྐུ་ཞབས་པུ་ཤི་ ཀར་ སིངྒ་ དྷ་མི་ (Shri Pushkar Singh Dhami, Chief Minister of Uttarakhand) མཆོག་དང་ལྷན་མཇལ་འཕྲད་ཀྱིས་མངའ་ སྡེའི་གཞུང་མང་གཉིས་ནི་བོད་མི་ ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡི ན་པ་དང་། ད་དུང་ཡང་གཞིས་བྱེས་མཉམ་འཛོམས་ མ་བྱུང་བར་མཐུན་འགྱུར་རྒྱབ་སྐྱོ ར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ ས་གནང་འདུག
གཟིགས་སྐོར་ཕྱོགས་བསྐྱོད་སྐབས་ ས་གནས་སོ་སོའི་མི་མང་གི་བསམ་ཚུ ལ་བསྡུ་ལེན་དང་། མི་མང་འདུ་འཛོམས་ཐོག་སྤྱི་འཐུས་ རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༡༠ དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློ ན་ཆེན་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ ཁག་ཅིག་མཇལ་འཕྲད་སོགས་གནང་ཡོད་ པ་དང་། དེ་བཞིན་མི་མང་དང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོ ང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་ དཀའ་སེལ་མཇུག་སྐྱོང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་ གཟིགས་ཞིབ་གནང་བ་སོགས་ལམ་འགོར་ བཅས་ཁྱོན་ཉིན་གྲངས་ ༡༣ ཙམ་གྱི་གཞུང་འབྲེལ་འཚམས་གཟིགས་ ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་ གནང་ཡོད་པ་དང་། ད་རེས་སྤྱི་འཐུས་རྣམ་གཉིས་ས་བགོ ས་ལྟར་འཚམས་གཟིགས་ཕེབས་རིང་ས་ གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་ སེལ་དགོངས་བཞེས་དང་འབྲེལ་བའི་ཕྱ ག་བསྟར་མཇུག་སྐྱོང་གནང་དགོས་རི གས་རྣམས་དོན་གནད་རེ་རེ་བཞིན་སྤྱི ་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོ ང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡི ན་པ་བཅས། །