༄༅། །སུད་སི་དཔྱིད་དུས་གྲོས་ཚོགས་ལས་རིམ་དང་སྟབས་བསྟུན་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༧ ཉིན་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་ཤིག་ཚོགས་འདུག
དེ་ཡང་ཚོགས་འདུའི་ཐོག་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་ནི་ཀོ་ལ་ས་ཝལ་ཊར་ (Nicholas Walder) ལགས་དང་། ཕེ་བྷི་ཡེན་མོ་ལི་ནཱ་ (Fabian Molina) ལགས། མཱ་ཡ་ག་རཕ་ (Maya Graf) ལགས། པྲི་ཀ་བྷི་ཡ་རེ་ཧེ་མོ་ (Prisca Birrer-Heimo) ལགས། བྷར་བྷ་ར་གི་སི་ (Barbara Gysi) ལགས། ཨི་ས་བྷེལ་ (Isabelle Pasquier-Eichenberger) ལགས། ལྕམ་སྐུ་རེ་གུ་ལ་ (Regula Rytz) ལགས་བཅས་མཉམ་ཞུགས་གནང་ཡོད།
དེ་བཞིན་ཚོགས་འདུའི་ནང་སུད་སི་སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་། སུད་སི་དང་ལིག་ཊེན་ཚིན་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ (Thomas Buchli) ལགས་དང་ལྷ་དབང་ངོར་ཁང་གསར་ལགས་བཅས་ཚོགས་བཅར་ཞུས་ཡོད།
ཚོགས་འདུའི་ནང་ད་ལྟའི་བོད་ནང་གི་གནས་ཚུལ་སྤྱི་དང་། ཡང་སྒོས་ཁམས་བྲག་མགོ་དང་བོད་ནང་གི་ཆོས་དད་རང་དབང་། སུད་སིའི་ནང་གི་བཙན་བྱོལ་བོད་མི
སྤྱིར་སུད་སི་གྲོས་ཚོགས་ཀྱི་དཔྱིད་དུས་གྲོས་ཚོགས་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༨ ནས་ཕྱི་ཟླ་ ༣ ཚེས་ ༡༨ བར་འཚོགས་རྒྱུ་ཡིན་འདུག་པ་བཅས། །