༄༅། །འདི་གར་ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༠ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་འགོ་ཁྲིད་པའི་ཐོག་སྐུ་མགྲོན་གཙོ་བོ་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་དང་། ས་གནས་རང་བདེན་ཚོགས་ཆུང་གི་སྐུ་ཚབ། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་། ལྡི་ལི་བསམ་ཡས་གླིང་གི་བརྒྱ་དཔོན་གྱིས་གཙོས་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། དེ་བཞིན་ལྡི་ལི་བསམ་གླིང་གི་སེར་སྐྱ་མང་ཚོགས་སོགས་ལྷན་འཛོམས་ཐོག་ལྡི་ལི་བོད་ཁྱིམ་ཉིན་སློབ་ཀྱི་མདུན་ཐང་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༣ དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཉིན་མོའི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།