༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མ་དང་བྱིས་པའི་ཚན་པ་ནས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༤ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་འཇམ་དབྱངས་ཆོས་གླིང་བཙུན་དགོན་དུ་བཙུན་མ་གྲངས་ ༡༡༨ ལ་ཟུངས་ཁྲག་ (Anemia) བརྟག་དཔྱད་གནང་ཡོད། འཕྲོད་བསྟེན་ལས་ཁུངས་ནས་ཟུངས་ཁྲག་གི་ནད་རྟགས་ཐོན་པའི་བཙུན་མ་རྣམས་ལ་དུས་ཐོག་སྨན་བཅོས་གནང་རྗེས་དྲག་སྐྱེད་འབྱུང་བཞིན་ཡོད་མེད་ཆེད་དུ་སླར་ཡང་བརྟག་དཔྱད་གནང་རྒྱུ་ཡིན་པ་བཅས།།
གསར་གནས།
འབྲེལ་གནས།