༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༣ ཉིན་སྨན་པ་བློ་བཟང་ཚེ་རིང་ལགས་ཀྱིས་འཕྲོད་བསྟེན་སྐོར་སྐྱོད་ལས་གཞིའི་འོག་ཉིན་གཉིས་རིང་རྒྱ་གར་ནང་ཡོད་པའི་འཕྲོད་བསྟེན་ཁྱབ་ཁོངས་ས་གནས་ཀྱི་སྨན་ཞབས་པ་དང་འཕྲོད་ལས་པ་གྲངས་ ༡༦ ཙམ་ལ་ཟབ་སྦྱོང་གནང་ཡོད། ཟབ་སྦྱོང་ཐེངས་གཉིས་པ་ཕྱི་ཚེས་ ༢༥ ཉིན་ཚོགས་ཡོད་པ་དང་། སྐབས་དེར་སྨན་ཞབས་པ་དང་འཕྲོད་ལས་གྲངས་ ༢༠ ཙམ་མཉམ་ཞུགས་གནང་ཡོད།།
གསར་གནས།
འབྲེལ་གནས།