༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༧ ཉིན་བཞུགས་སྒར་རྡ་སའི་ཉེ་འཁྲིས་སུ་ཆགས་པའི་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་དུ་བཙུན་མ་རྣམས་ལ་འཕྲོད་བསྟེན་གྲངས་ཐོ་ (Health Information System) བསྡུ་ཕྱོགས་དང་འབྲེལ་བའི་སྦྱོང་བརྡར་གནང་ཡོད་པ་དང་། སྦྱོང་བརྡར་གྱི་དགོས་པ་དམིགས་ཡུལ་གཙོ་བོ་ནི། འཕྲོད་ལས་པ་རྣམས་ཀྱི་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་དང་། དེ་བཞིན་འཕྲོད་བསྟེན་གནས་ཚུལ་ཕྱོགས་བསྡུས་དང་འབྲེལ་བའི་གྲངས་ཐོ་བསྡུ་ཕྱོགས་ཚགས་ཚུད་དང་ཡིད་རྟོན་འཕེར་བ་ཡོང་སླད་ཡིན་པ་བཅས།།
གསར་གནས།
འབྲེལ་གནས།