མགྲོན་ཁང་དང་ཟ་ཁང་བོགས་གཏོང་གི་གསལ་བསྒྲགས།
༄༅། །འདི་གའི་འཛིན་སྐྱོང་འོག་ཡོད་པའི་སྦེལ་ཀོབ་ལུགས་བསམ་ཁྱབ་ཁོངས་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་གསར་རྒྱག་ཞུས་པའི་ “TARA KISAN VILLA” མགྲོན་ཁང་དང་ཟ་ཁང་གཉིས་རང་རིགས་སྤྱི་སྒེར་ཁག་ལ་གཉིས་མོས་ཆོད་གན་གྱི་ལམ་ནས་བོགས་གཏོང་ཞུ་རྒྱུའི་མཐུན་རྐྱེན་དང་དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ་ལ་ཐུགས་གནང་ཡོང་བ་ཞུ།
ཀ། མགྲོན་ཁང་།
༡། གདན་ས་ཆེན་པོ་སེ་ར་ཆོས་སྒར་གྱི་ཉེ་འཁྲིས་སུ་གནས་པའི་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་ཆགས་ཡོད་ཅིང་། དེང་དུས་ཀྱི་སྒྱུ་རྩལ་རང་བཞིན་ལྡན་པའི་མགྲོན་ཁང་གི་བཟོ་བཀོད་དང་། སྤུས་ཚད་ལྡན་པའི་རྒྱུ་ཆ་བཀོལ་སྤྱོད་བྱས་ཡོད།
༢། བསྡོམས་ཁང་མིག་གྲངས་ ༡༩ ཡོད་ཅིང་མགྲོན་ཁང་གི་དཀྱིལ་དུ་སྒོ་རའི་མཐའ་སྐོར་ནང་ཉི་མའི་འོད་མདངས་ལྡན་པ་ཡོད།
མགྲོན་ཁང་གི་ཁང་མིག་བསྡོམས་ ༡༩ ཡོད་པ་ཞིབ་གནས་གཤམ་གསལ།
Category | Room | Qty | Facilities | Carpet area |
A | Suit Room | 2 |
|
370 sft. |
B | Standard room | 17 |
|
225 sft. |
ཁ། ཟ་ཁང་།
༡། ཟ་ཁང་ནང་དུ་སྐུ་མགྲོན་གྲངས་ ༢༤ དང་ཟ་ཁང་གི་སྒོ་རྭའི་བར་འཁྱམས་སུ་སྐུ་མགྲོན་ ༢༠ ཡི་ཤོང་ཚད་ཡོད་ཅིང་། ཐབ་ཚང་ནང་དེང་དུས་ཀྱི་བཟོ་བཀོད་དང་མཐུན་རྐྱེན་རང་སྒྲིག་ཡོད།
༢། མགྲོན་ཁང་གི་ཕྱི་ངོས་སུ་ཆེད་ལས་པའི་བཀོད་རིས་ལྟར་སྣུམ་འཁོར་དང་མིའི་འགྲོ་ལམ་ཚད་ལྡན་ཡོད་ཐོག སྤང་དང་མེ་ཏོག རྩི་ཤིང། དེ་བཞིན་ཆར་ཆུ་གསོག་འཇོག་གི་ཆུ་རྫིང་། ལུས་སྦྱོང་དང་ངལ་གསོ་རྒྱག་ས་སོགས་ཡིད་དུ་འོང་བའི་ཕྱིའི་ཡུལ་ལྗོངས་ཀྱི་བཀོད་པ་བསྐྲུན་ཡོད།
ང་། དགོས་ངེས་ཀྱི་ཆ་རྐྱེན་ཁག་ནི།
༡། དྭང་བླངས་དཔྱ་དངུལ་དུས་འབུལ་ཟིན་པས་ལག་དེབ་ཀྱི་ངོ་བཤུས།
༢། རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་ཟིན་པའི་ངོ་བཤུས། ཡང་ན། གནས་ཡུལ་རྒྱལ་ཁབ་ཀྱི་ལག་འཁྱེར་གང་རུང་གི་ངོ་བཤུས། (R.C. or Passport/Citizenship Certificate Copy)
༣། བོགས་གཏོང་འཚང་སྙན་ཁོངས་ཁྱིམ་ཚང་གཅིག་ནས་འདོད་གཅིག་ནང་མི་གཅིག་ལས་ལྷག་ཞུ་སྙན་འབུལ་མི་ཆོག
༤། བོགས་མའི་དུས་ཡུན་རིང་ནང་ཤུགས་དང་བར་གླ་གཏོང་རིགས་གཏན་ནས་མི་ཆོག
༥། ཞིབ་ཕྲའི་ཆ་རྐྱེན་ཁྲིམས་མཐུན་གན་ཡིག་དབྱིན་ཡིག་ནང་གཏན་འབེབས་ཟུར་སྦྱར་གཞིར་བཟུང་རྩ་འཛིན་ལག་བསྟར་བྱ་རྒྱུ།
༦། བོགས་དངུལ་རྣམས་དངུལ་ཁང་གི་དངུལ་འཛིན་སྟེང་འབུལ་དགོས།
ཅ། བོགས་གླ་དང་དུས་ཡུན།
༡། མགྲོན་ཁང་དང་ཟ་ཁང་གི་བོགས་གླ་ལོ་རེར་ཧིན་སྒོར་འབུམ་ ༢༣ ནས་འགོ་འཛུགས་ཀྱིས་མཐོཤོས་འབུལ་མཁན་དེར་བོགས་གཏོང་ཞུ་རྒྱུ། བོགས་གླའི་དུས་ཡུན་ལོ་ ༥ རིང་ཡིན།
༢། མགྲོན་ཁང་དང་ཟ་ཁང་གི་བོགས་གླ་ལོ་རེར་ཧིན་སྒོར་འབུམ་ ༢༠ ནས་འགོ་འཛུགས་ཀྱིས་མཐོཤོས་འབུལ་མཁན་དེར་བོགས་གཏོང་ཞུ་རྒྱུ། བོགས་གླའི་དུས་ཡུན་ལོ་ ༣ རིང་ཡིན།
༣། གོང་གསལ་བོགས་གཏོང་བྱ་ཕྱོགས་འདམ་ཁ་གཉིས་ནས་ཁུངས་སོ་སོར་བོགས་ལེན་པ་མང་ཉུང་དང་གོང་ཚད་སོགས་ལ་ཞིབ་བསྡུར་གྱིས་ཐག་ཆོད་གནང་བ་དེ་མཐའ་མའི་ཐག་ཆོད་དུ་རྩ་འཛིན་ཞུ་རྒྱུ་ཡིན།
བོགས་མ་ལེན་འདོད་ཡོད་རིགས་ནས་དོ་བདག་རང་ཉིད་ཀྱི་ཞུ་སྙན་ནང་བོགས་རིན་འབུལ་འབབ་དང་ལོ་དུས་ཁ་གསལ་འཁོད་ཐོག་འབྲེལ་གཏུག་བྱ་ཡུལ་གྱི་ཁ་བྱང་བཅས་གཤམ་འཁོད་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༣༠ འགྱངས་མེད་འབུལ་འབྱོར་ཟིན་པ་དགོས་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༩ ལ།
མགྲོན་ཁང་གི་ཕྱི་ནང་བཀོད་དབྱིབས་དང་མཐེུན་ཇི་ཡོད་པར་རིས་ཁག་གཤམ་གསལ་ལ་གཟིགས་རོགས།
ཁ་བྱང་།
Executive Secretary,
Department of Home – CTA,
Gangchen Kyishong, Dharamshala – 176215,
Distt. Kangra, Himachal Pradesh – India,
Email: [email protected] /[email protected]
Phone: 01892-222412/222214