1༄༅། །བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ལོའི་གནམ་ལོ་གསར་དུ་བཞེད་པའི་དགའ་སྟོན་གྱི་རྟེན་འབྲེལ་ལ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་དོན། བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ལོའི་གནམ་ལོ་གསར་དུ་བཞེད་པའི་དགའ་སྟོན་ཉིན་འཛམ་གླིང་ཞི་བདེའི་དེད་དཔོན། བོད་འབངས་ཡོངས་ཀྱི་མགོན་སྐྱབས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་འཁྲིད་བླ་ཆེན་རྣམ་པར་སྒོ་གསུམ་གུས་པ་ཆེན་པོས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་སྐུ་ཚེའི་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཤུགས་དྲགས་ཞུ་རྒྱུ་ཡིན། ཕྱོགས་མཚུངས་བོད་གཞིས་བྱེས་གཉིས་ཀྱི་སྤུན་ཟླ་རྣམས་ལ་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་དང་བཅས། །
གསར་གནས།
འབྲེལ་གནས།