
དེ་ཡང་ཐོག་མར་སློབ་ཕྲུག་རྣམ་པས་ ཞོགས་པའི་འདུ་འཛོམས་སྐབས་གང་བློ ་མ་གསུང་འདོན་དང་། དེ་རྗེས་བོད་དང་ཨོསྟྲེ་ལི་ཡཱའི་རྒྱལ་གླུ་བཏང་སྟེ་སློབ་ཕྲུག་ ཁག་གཅིག་ནས་ཀློག་རྩལ་བཅས་གཟིགས་ འབུལ་ཞུས་གྲུབ་རྗེས་སློབ་ཕྲུག་ རྣམས་ལ་བོད་ཀྱི་སྐད་ཡིག་ནི་བོད་ མི་རིགས་ཀྱི་སྲོག་རྩ་ཡིན་པས་ངེ ས་པར་དུ་སྦྱང་སྤྱོད་སྤེལ་གསུམ་བྱ ་རྒྱུ་གལ་ཆེ་ཡིན་སྐོར་དང་། དེ་བཞིན་དེང་བོད་ནང་ལ་རྒྱ་ནག་ གཞུང་གིས་སྔར་ལྷག་འཆར་གཞི་ལྡན་ པའི་སྒོ་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པ་རྡོག་རོལ་རྩ་བརླ ག་དུ་གཏོང་བཞིན་ཡོད་པས་ཕྱི་རྒྱ ལ་རང་དབང་ལུང་པའི་ནང་གནས་སྡོད་ བྱེད་བཞིན་པའི་བོད་པའི་མི་རབས་གསར་པ་ ཚོས་བོད་མི་རིགས་ཀྱི་ཐུན་མོང་མ་ ཡིན་ཆོས་དང་། རིག་གཞུང་། སྐད་ཡིག བོད་མིའི་གོམས་གཤིས་ཡ་རབས་སྤྱོ ད་བཟང་བཅས་མི་ཉམས་རྒྱུན་འཛིན་ དང་སྲུང་སྐྱོབ་བྱ་རྒྱུ་འགན་ཁུར་ དམིགས་བསལ་ཡོད་པས་རྒྱུན་དུ་སེ མས་ལ་བཅངས་དགོས་པ་དང་། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེ ན་པོ་མཆོག་གི་ཐུགས་རེ་ལམ་སྟོན་ གནང་བ་ལྟར་བོད་པའི་སློབ་ཕྲུག་རྣམས་གནའ་དེང་ཤེས་ཡོན་ཟུང་དུ་ སྦྲེལ་བའི་འདབ་ཤོག་གཉིས་ལྡན་ཞི ག་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་ བཅས་ལམ་སྟོན་གནང་།
