༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་ པས་མཛད་འཁུར་བཞེས་ཟིན་རྗེས། ཐོག་མར་མང་ཚོགས་ལ་གཞུང་འབྲེལ་ འཚམས་གཟིགས་སུ་ཕེབས་རྒྱུའི་ལས་ རིམ་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་སྨོན་ལམ་ མཐར་ཕྱིན་ལགས་དང་། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་ ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༤ ནས་ ༡༩ བར་རྒྱ་གར་བྱང་ཤར་རྡོར་གླིང་དང་ ། བསུ་ན་མདའ་ས་གནས་འགོ་འཛིན་ཁྱབ་ ཁོངས་ས་གནས་ཁག་ཅིག་ལ་གཞུང་འབྲེ ལ་འཚམས་གཟིགས་ཕེབས་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་དཀོན་མཆོག་ཡང་