༄༅། ། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༣ ནས་ ༢༦ བར་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་གནས་སྡོད་ཁག་ལ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་ཨུ་ཏར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པུ་ཤི་ཀར་སིངྒ་དྷ་མི་(Shri. Pushkar Singh Dhami, Chief Minister of Uttarakhand) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད།མཇལ་འཕྲད་སྐབས་སྤྱི་འཐུས་རྣམ་པས་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་སྤྱི་ཡོངས་ཀྱི་དཀའ་ངལ་ཐོག་གཟིགས་རྟོག་དང་། ལྷག་པར་དུ་ཨུ་ཏར་ཁན་ཌི་མངའ་སྡེའི་ནང་བཞུགས་པའི་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཞུས་གནང་འདུག གཞན་ཡང་མཇལ་འཕྲད་སྐབས་བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ (Bharat Tibbat Samanvaya Sangh) ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན། དེ་བཞིན་སྡེ་ར་ལྡུན་ས་གནས་འགོ་འཛིན་བཅས་མཉམ་བཅར་ཞུས་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།