༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བསྟི་
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དཔལ་ལྡན་སྲིད་སྐྱོང་
སྤྱིར་ཕྱི་ཟླ་ ༥ ནང་དངོས་ཆས་མཁོ་སྒྲུབ་ཞུ་རྒྱུ་དང་། ལོ་རྒྱུས་གྲ་སྒྲིག་བྱེད་རྒྱུ་སོགས་ཆ་ཚང་བཟོས་ཟིན་པ་རེད། འོན་ཀྱང་བསྒྲིག་རྒྱུར་ཟླ་བ་བདུན་ཙམ་བགོར་བ་རེད། ད་ལྟའི་དུས་སུ་སྒོ་འབྱེད་རྒྱུའི་དུས་ཚོད་དངོས་སུ་སླེབ་པ་རེད་མ་གཏོགས་ལས་དོན་ཕལ་ཆེ་བ་བཀའ་ཤག་སྔོན་སྐབས་སུ་ལས་དོན་དབུ་བཙུགས་དང་ལམ་སྟོན། བཀོད་བྱུས་འོག་ནས་གྲུབ་པ་ཞིག་ཆགས་ཡོད། སྐུ་བཅར་རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་ཉེ་འགྲམ་དུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དེ་ཐོག་མར་ཕྱི་ལོ་ ༡༩༩༨ ལོར་ཆེད་བཙུགས་གནང་བ་ཞིག་རེད། ད་ལྟའི་ཆར་འགྲེམས་སྟོན་ཁང་དེ་ལས་རྒྱ་ཆེ་བ་དང་གནས་ཚུལ་མང་བ། གཏིང་ཟབ་པ་ཡོང་བ་དེ་དག་བཀའ་ཤག་སྐབས་གོང་མས་འགན་བཞེས་ཏེ་གནང་བ་ཞིག་རེད། ཕྱག་ལས་ཧ་ཅང་ཡག་པོ་བྱུང་འདུག་པར་བརྟེན་བསྔགས་བརྗོད་ཞུ་རྒྱུ་ཡིན།ད་བར་ང་ཚོས་གཟེངས་སུ་ཐོན་པའི་ལས་དོན་ཇི་བརྩམས་པ་ཐམས་ཅད་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་སྟབས། དེ་རིང་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་བཀའ་ཤག་གིས་འགན་ཁྱེར་བའི་ཐོག་ནས་གསལ་པོར་ཞུ་རྒྱུར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་སྐུ་གཟུགས་གསལ་ཐང་ངང་སྐུ་ལྷོད་ལྷོད་གནང་ནས་བཞུགས་ཡོད་ཅེས་ཞུ་འདོད་བྱུང་། ད་ལྟ་བཀའ་མོལ་ཞུས་པ་དེ་ཡང་སྲིད་སྐྱོང་གི་མིང་འཁྱེར་བའི་ཐོག་ནས་འགན་ཆ་ཚང་ཁྱེར་ཏེ་ཞུ་བཞིན་ཡོད། རང་རེའི་སྤྱི་ཚོགས་ནང་དཀྲོག་གཏམ་འཆད་མཁན་ཁག་གཅིག་ཡོད་པར་བརྟེན་སྐད་ཆ་དེ་དག་བོད་ནང་སླེབས་ཡོད་ན། བོད་ནང་གི་བོད་མི་ཚོས་ཐུགས་འཚབ་རྩ་བ་ཉིད་ནས་གནང་མི་དགོས། ཞེས་སྙན་གསང་ཞུ་རྒྱུ་དང་། བཙན་བྱོལ་ནང་ལ་ཡོད་པའི་བོད་མི་ཚོས་ཀྱང་ང་ཚོའི་འཐབ་རྩོད་ཐོག་འབད་དགོས་པ་ལས་སོ་སོའི་རྐང་པ་འཐེན་ནས་བསྡད་ན་ཕན་ཐོགས་མེད་ཅེས་གསལ་པོ་ཞུ་རྒྱུའི་འདོད་པ་བྱུང་།ང་ཚོ་བཙན་བྱོལ་ལ་གྱར་བ་ནས་བཟུང་ང་ཚོའི་ལས་འགན་ནང་ནས་གལ་ཆེ་ཤོས་དེ་བོད་རྒྱའི་དཀའ་རྙོག་བསལ་རྒྱུ་དེ་རེད། བོད་རྒྱའི་དཀའ་རྙོག་སེལ་བར་གཙོ་བོ་བོད་ཀྱི་གནད་དོན་བོད་པ་ཙམ་མ་ཡིན་པར་རྒྱལ་སྤྱི་ཁྱོན་ཡོངས་སུ་བོད་དོན་ཁྱབ་བསྒྲགས་དང་གོ་རྟོགས་སྤེལ་རྒྱུ་དེ་རེད། ང་ཚོ་བཙན་བྱོལ་དུ་མ་སླེབས་གོང་ནས་རྒྱལ་སྤྱིའི་སྟེང་བོད་དོན་ཞུ་གཏུག་བྱས་ཡོད། དཔེར་ན། ཕྱི་ལོ་ ༡༩༥༠ ཙམ་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་འབྲེལ་བ་ཞུས་པ་ནས་བཟུང་ད་བར་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་ཕལ་ཆེ་བ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བླ་ཆེན་རྣམ་པ་འཛམ་གླིང་ས་ཕྱོགས་གང་སར་ཆིབས་སྒྱུར་བསྐྱངས་ནས་ཐོག་མར་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་དང་། དེ་ནས་རིམ་བཞིན་རྒྱལ་སྤྱིའི་ནང་བོད་ཀྱི་ཆབ་སྲིད་ཐོག་དོ་སྣང་སླེབས་པ་རེད། བོད་ལ་ས་ཆ་རྒྱ་ཆེན་པོ་དང་མི་འབོར་ཉུང་ཉུང་རེད། བཙན་བྱོལ་ནང་ལའང་མི་འབོར་ཉུང་ངུ་ལས་མེད་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་ནང་འཐབ་རྩོད་བྱེད་མཁན་མི་རིགས་མང་པོ་ཡོད་པའི་ནང་ནས་མ་འདྲ་བ་ཞིག་ཆགས་ཡོད་པ་དེ་ཚང་མས་ངོས་འཛིན་གནང་གི་ཡོད། བོད་པའི་འཐབ་རྩོད་ཤུགས་ཆེ་རུ་གཏོང་བར་བོད་ཀྱི་གནད་དོན་ལ་དོ་སྣང་དང་དབྱིངས། དེ་རྗེས་རྒྱབ་སྐྱོར་ཐོབ་དགོས། དེ་འཐོབ་པར་འདས་པའི་ལོ་ལྔ་བཅུ་དྲུག་ཅུ་རིང་མི་རབས་རྒན་པ་ཚོས་སོ་སོའི་གནས་སྟངས་ལ་དཔག་པའི་སྐུ་ངལ་གང་ཐུབ་ཅི་ཐུབ་སྐྱོན་ཡོད།ཐོག་མར་ང་ཚོར་ཤེས་ཡོན་དང་འཇོན་ཐང་། ཉམས་མྱོང་དེ་ཙམ་མེད་པའི་དཀའ་ངལ་ཆེན་པོར་གདོང་ལེན་བྱས་ཏེ་ད་ལྟའི་གནས་སྟངས་ཆགས་པ་རེད། ད་ལྟའི་དུས་སུ་བཙན་བྱོལ་སྤྱི་ཚོགས་སུ་ཤེས་ཡོན་གྱི་ཐོག་ནས་ཡར་རྒྱས་ཧ་ཅང་ཤུགས་ཆེན་པོ་ཕྱིན་ཡོད་སྟབས། སྲོལ་རྒྱུན་གྱི་ཤེས་ཡོན་ཁོ་ན་མ་ཡིན་པར་དེང་རབས་ཀྱི་ཤེས་ཡོན་ཀྱང་ཡོད་དུས་ཐབས་ཤེས་འདྲ་མིན་ཐོག་ནས་འཐབ་རྩོད་བྱེད་དགོས། ད་ལྟའི་བཀའ་ཤག་གིས་སྲིད་བྱུས་ནང་བོད་དོན་ཞུ་གཏུག་ལས་འགུལ་དབུ་བཙུགས་ཞུས་ཡོད་ཅིང་དེ་བརྒྱུད་མི་དང་མི་ཐུག ས་ཆ་ནས་ས་ཆར་ཕྱིན་ནས་ཞུ་གཏུག་བྱ་རྒྱུ་དེ་རེད། ལས་འགུལ་དེ་རིགས་བོད་མིའི་སྒྲིག་འཛུགས་ནས་དེ་སྔ་ཤུགས་ཆེ་སྤེལ་ཡོད་ལ་ད་ལྟ་ཤུགས་ཆེ་རུ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད། དེ་བརྒྱུད་ལམ་གལ་ཆེ་ཤོས་དེ་རེད། དེ་མ་ཡིན་པའི་བོད་དོན་དྲིལ་བསྒྲགས་བྱ་རྒྱུའི་ཐབས་ལམ་གཞན་ཡང་མང་པོ་ཡོད་པའི་ནང་ནས་གཅིག་ནི་འགྲེམས་སྟོན་ཁང་འདི་རེད།འགྲེམས་སྟོན་ཁང་འདི་ལྟ་བུ་བཙུགས་རྗེས་ནང་དོན་རྣམས་སྒྲིག་འཛུགས་ནས་ཞིབ་འཇུག་ཚད་ལྡན་བྱས་ཏེ་གཏན་ལ་ཕབ་ན། སུ་ཞིག་འགྲེམས་སྟོན་ཁང་ལ་ཕྱིན་པ་ཡིན་ནའང་གང་ཉན་པ་དང་ཐོས་པ་དེ་གཅིག་གྱུར་ཡོང་ཐུབ་པ་མ་ཟད། གནས་ཚུལ་ཆ་ཤས་ཙམ་མ་ཡིན་པར་ཁྱོན་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ། བོད་ཀྱི་འགྲེམས་སྟོན་ཁང་དངོས་སུ་དབུ་འབྱེད་གནང་བའི་རྗེས་བེད་སྤྱོད་ཚད་ལྡན་གཏོང་ཐུབ་པ་དང་། མི་གང་མང་ལ་སྙོབ་ཐུབ་པ་བྱེད་དགོས་པ་དང་། དེ་བཞིན་ཕྱིའི་སྐད་ཡིག་ནང་ཉན་རྒྱུ་ཡོད་པ་བཟོ་ཐུབ་ན་ནང་དོན་ལ་བྲོ་བ་དང་སེམས་ལ་ངེས་བདེ་བའི་ཁྱད་པར་ཡོད། དེས་ན་སྒྲའི་སྣེ་གཤན་ (audio guide) གྱི་མཐུན་རྐྱེན་སྦྱར་ཐུབ་ན་ཡག་པོ་ཡོད། དེ་བཞིན་མ་འོངས་པ་འདིར་དངོས་སུ་བཅར་མ་ཐུབ་མཁན་རྣམས་ལའང་དྲ་ཐོག་ནས་བལྟ་རྒྱུ་ཡོད་པ་ (virtual guide) བཟོ་རྒྱུར་འབད་རྩོལ་བྱེད་དགོས།ད་ལྟ་དགའ་ལྡན་ཕོ་བྲང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བའི་འགྲེམས་སྟོན་ཁང་ཆེ་བ་ཞིག་གསར་བཞེངས་གནང་གི་ཡོད་པས་འགྲེམས་སྟོན་ཁང་འདིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་ནང་དོན་མང་པོ་རང་མ་བཞག་པར་གཙོ་བོ་བོད་ཀྱི་ཆབ་སྲིད་དང་སྒྱུ་རྩལ་རིག་གནས་དང་འབྲེལ་བ་བཞག་ན། རྡ་སར་ཡོང་མཁན་ཡུལ་སྐོར་བ་རྣམས་ལ་བོད་དོན་ཆ་ཚང་བ་རྟོགས་ཐུབ་པའི་ཁྱད་པར་ཡོད། ཅེས་དང་།
མཐར་ཁོང་གིས་ལས་གཞིའི་འདིའི་ཆེད་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་དང་། དེ་བཞིན་ལས་གཞི་འདིར་སློབ་སྟོན་གནང་མཁན་དང་། ཇུས་འགོད་པ། མཉམ་ལས་གནང་མཁན་འགོ་ལས་གཙོས་འབྲེལ་ཡོད་ལས་བྱེད་ཡོངས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་གསུངས་གནང་སོང་། ཕྱི་ལོ་ ༢༠༢༢ ཟླ་བ་ ༢ ཚེས་ ༠༩ ནས་བཟུང་གངས་ཅན་སྐྱིད་གཤོངས་སུ་ཆགས་པའི་བོད་ཀྱི་འགྲེམས་སྟོན་ཁང་འདི་ཉིད་མི་མང་ལ་སྒོ་འབྱེད་གནང་ཡོད་ཅིང་། འགྲེམས་སྟོན་གཟིགས་སྐོར་སླད་སྒོར་ཉི་ཤུ་དང་གློག་བརྙན་གཟིགས་པར་སྒོར་ཉི་ཤུ་རེ་ཡིན་འདུག་པ་བཅས།།