༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢ ཙམ་ལ་རྡ་ས་གངས་སྐྱིད་
དེ་ཡང་མཛད་སྒོའི་ཐོག་མར་ཆོས་རི
ད་ལྟའི་རྩོམ་དང་། ཞིབ་འཇུག་གནང་སྟངས་ཡིན་ནའང་རེད། ངག་རྒྱུགས་ཐོག་ནས་མཁས་དབང་རྣམ་པ་ཚོས་བསྡོམས་རྒྱག་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ངོ་མ་དེ་གང་ཆགས་ཀྱི་འདུག དེ་གཞི་ལ་བཞག་ནས་ཆོས་རིག་ལས་ཁུངས་རང་ནས་གནང་པ་ཡིན་ན་དགེ་མཚན་འདུག་གམ་མི་འདུག གང་ཡིན་ཞེ་ན་ཕྱག་འཁྱེར་དེ་ཆོས་རིག་ལས་ཁུངས་ནས་གནང་བཞིན་ཡོད། རྒྱལ་ཁབ་གཞན་གྱི་འགྲོ་སྟངས་ལྟར་ན། བློན་ཆེན་ལས་ཁུངས་ཤིག་གིས་ཕྱག་འཁྱེར་གནང་རྒྱུ་ཉུང་ངུ་རེད། འོན་ཀྱང་བཙན་བྱོལ་ནང་གི་དགོན་སྡེ་ཁག་ཆེན་པོ་མང་པོའི་ནང་བསླབ་པ་སློབ་གཉེར་མང་པོ་གནང་བཞིན་ཡོད། དགེ་བཤེས་དང་མཁན་པོ་མང་པོ་ཞིག་ཐོན་གྱི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པར་ཆོས་སྡེ་ཆེན་པོ་ཁག་ནས་ཐོན་པའི་དགེ་བཤེས་དང་སློབ་དཔོན། མཁན་པོ་རྣམ་པར་ཕྱག་འཁྱེར་ཚད་ལྡན་ཞིག་ཡོང་བའི་དགོངས་པ་ཞིག་དེ་སྔ་ནས་ཡོད། གལ་ཏེ་རྒྱ་གར་གཞུང་ནས་ཆོས་སྡེ་གཅིག་གཉིས་ཙམ་མིན་པར་ཆོས་སྡེ་ཚང་མར་གཅིག་གྱུར་ངོས་ལེན་གནང་བ་ཡིན་ན། བོད་བརྒྱུད་ནང་བསྟན་དང་གཡུང་དྲུང་བོན་གྱི་བསླབ་པ་སློབ་གཉེར་དེ་དག་ལ་ཕྱག་འཁྱེར་ཚད་ལྡན་ཞིག་འཐོབ་ཐུབ་པའི་གོམ་པ་ལྟ་བུ་ཞིག་རྒྱག་བཞིན་ཡོད། འོན་ཀྱང་དུས་ཡུན་ཇི་ཙམ་འགོར་མིན་ཞུ་ཚོད་ཁག་པོ་རེད་འདུག
གོ་ཐོས་ལ་ཁག་གཅིག་གིས་ཏཱ་ལའི་བླ་མའི་མཐོ་སློབ་བརྒྱུད་འབུམ་རམས་པའི་སློབ་སྦྱོང་བྱེད་རྒྱུ་དེ་འདྲ་ཡོང་བཞིན་ཡོད་འདུག དེ་ལྟར་སྣ་ཚོགས་ཡོད་པ་དེ་དག་ཆོས་སྡེ་སོ་སོའི་ངོས་ནས་འབད་བརྩོན་གང་གནང་གི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེའི་ཐོག་རྒྱ་གར་གཞུང་དང་མཉམ་དུ་སྐད་ཆ་བཤད་རྒྱུ་སོགས་ནུས་པ་ཆ་ཚང་འཐོན་གྱི་ཡོད་མེད་ཞུ་ཐུབ་ཀྱི་མ་རེད། འོན་ཀྱང་ང་ཚོའི་ངོས་ནས་འབད་བརྩོན་ཞུ་དགོས་ཁག་ཁ་གསལ་པོ་བཟོས་ཏེ་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་རྒྱ་གར་གཞུང་ལ་འབྲེལ་བ་ཞུས་ཏེ་མ་འོངས་པར་ཆོས་སྡེ་ཆེན་པོའི་ནང་སློབ་གཉེར་གནང་བ་དེ་དག་ལ་ཕྱག་འཁྱེར་ཚད་ལྡན་ཞིག་ཡོང་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རིགས་གཅིག་རྐང་འཛིན་གྱི་དགོངས་པ་དེ་ངས་གཏིང་ཟབ་པོ་ཞུ་ཐུབ་རྒྱུ་ཁག་པོ་རེད། རྣམ་པ་ཚོས་མང་བ་མཁྱེན་གྱི་ཡོད་པ་རེད། འོན་ཀྱང་ངའི་གོ་བ་ལེན་ཕྱོགས་ལ་དཔེར་ན། དབུ་མའི་གཞུང་ཆེན་ལ་རིགས་གཅིག་རྐང་འཛིན་གནང་མཁན་ཞིག་ཡིན་ན་དབུ་མའི་གཞུང་ནང་གང་གསུངས་འདུག དེ་བཞིན་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད། དགེ་ལུགས། གཡུང་དྲུང་བོན། ཇོ་ནང་བཅས་ཀྱི་བཞེད་སྲོལ་ཐུན་མོང་མ་ཡིན་པ་དེ་འདྲ་ཡོད་དམ་མེད། རྣམ་པ་ཚོའི་དགོངས་ཚུལ་ནང་དཔེར་ན། གཞུང་ཆེན་གཅིག་ཡིན་ནའང་ཧ་ཅང་རྒྱ་ཆེན་པོ་ཡིན་སྟབས། ནང་གསེས་རིགས་གཅིག་རྐང་འཛིན་གནང་ཐུབ་པའི་དགོངས་པ་དེ་འདྲ་ཡོད་ས་རེད།
དེ་དག་ག་འདྲ་ཆགས་ཀྱི་འདུག་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག དེ་དང་མཉམ་དུ་ངའི་བསམ་བློ་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པར་རིགས་གཅིག་རྐང་འཛིན་གནང་གྲུབ་རྗེས་ཕྱིའི་ལྟ་གྲུབ་མཁས་པ་དང་། ལྷག་པར་ཚན་རིག་པ་སོགས་དང་མཉམ་དུ་རྒྱུ་མཚན་ལྡན་པའི་ཐོག་ནས་གཞུང་ཆེན་ཁག་ལ་བརྡར་ཤ་གཅོད་རྒྱུའི་སྟེང་ཤུགས་བརྒྱབ་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱ
དེང་སང་དགོན་སྡེ་ཁག་གི་ནང་བརྒྱ་
མཐར་ཆོས་རིག་ལས་ཁུངས་ཀྱི་དྲུང་