༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་༢༠༢༢ ཟླ་ ༢ ཚེས་ ༢༥ ཉིན་སྤྱི་ཚོགས་དྲ་རྒྱ་ཊུ་ཝི་ཊར་བརྒྱུད་ཡུ་ཀེ་རེན་ལ་གདུང་སེམས་མཉམ་སྐྱེ་གནང་བའི་ནང་འཁོད་དོན།
ཡུ་ཀེ་རེན་ལ་བཙན་འཛུལ་བྱེད་བཞིན་པ་དེས་ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེ་དྲན་གསོ་བྱེད་དུ་བཅུག་སོང། ཞེས་དང་། དེ་རིང་ཁ་སང་འཛམ་བུ་གླིང་ནང་འཚེ་བའི་ཐབས་ལམ་ནི་དུས་ཚོད་ཡོལ་ཟིན་པ་མ་ཟད། མི་སྤྱོད་ལས་འདས་པ་ཞིག་ཀྱང་ཆགས་ཡོད། ཡུ་ཀེ་རེན་ནང་ངེས་པར་འཚེ་མེད་ཞི་བདེ་བསྐྱར་གསོ་གནང་དགོས། ཞེས་གསུངས་ཡོད།།