༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༢ ཚེས་ ༠༣ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༩༧ དེ་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས། སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་བཅས་གསུམ་གྱིས་སྤེལ་གནང་སོང་།
དེ་ཡང་ཐོག་མར་འཕྲོད་བསྟེན་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས་ཀྱིས་གསུང་དོན། བདུན་ཕྲག་འདིའི་ནང་བོད་མིའི་སྒྲི
ཕྱི་ནས་ཕེབས་སྐབས་རྣམ་པ་ཚོས་བརྟ
དེ་རྗེས་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་ཁག་ ༡༧ དང་བལ་ཡུལ་ནང་གི་ས་གནས་ ༢ ནང་གི་བོད་མི་གྲངས་ ༤༩༧ རང་ཁྱིམ་དུ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༡༣༡ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༦༢༨ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད། གཞན་ཡང་ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བོད་མི་གནས་སྡོད་ས་གནས་གྲངས་ ༡༨ དང་བལ་ཡུལ་ནང་གི་ས་གནས་ ༦ བཅས་ཀྱི་བོད་མི་གྲངས་ ༩༩༩ ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། གཞན་ཡང་འདས་པའི་བདུན་ཕྲག་ནང་ཏོག་དབྱིབས་ནད་གཞི་ཕོག་མཁན་མི་གྲངས་ ༢༠ ཙམ་ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་འདུག ཕྱི་ལོ་ ༢༠༢༠ ལོའི་ལོ་འགོ་ནས་བཟུང་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༣༡ བར་ཁྱོན་མི་གྲངས་ ༧༤༥༢ ལ་བོད་ཀྱི་སྨན་རྩིས་ཁང་ནས་གསོ་བ་རིག་པའི་ཐོག་ནས་སྨན་བཅོས་གནང་ཡོད།
དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༤༩༨༠༩ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་ ༤༩༣ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་རྒྱ་གར་ནང་རང་ལོ་ ༡༥ ནས་ ༡༧ བར་གྱི་བྱིས་པ་གྲངས་ ༣༧ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་དང་། མི་གྲངས་ ༡༢༠༦ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་མ་ཟད། སྨན་པ་དང་འཕྲོད་ལས་པ། མདུན་ཐོན་གདོང་ལེན་པ་བཅས་ཁྱོན་མི་གྲངས་ ༥༨༩ དང་། རང་ལོ་ ༦༠ ཡན་གྱི་རྒན་རྒོན་གྲངས་ ༢༨༧༩ ལ་ནུས་སྤར་སྔོན་ཁབ་བརྒྱབ་ཟིན། གཞན་ཡང་བལ་ཡུལ་ནང་གི་བོད་མི་རང་ལོ་ ༡༨ ཡན་གྱི་མི་གྲངས་ ༦༩༩༠ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། རང་ལོ་ ༡༨ མན་གྱི་བྱིས་པ་གྲངས་ ༨༧ ལ་སྔོན་འགོག་སྨན་ཁབ་ཐུན་དང་པོ་ཐོབ་ཡོད། རང་ལོ་ ༦༠ ཡན་གྱི་རྒན་རྒོན་གྲངས་ ༧༧ ལ་ནུས་སྤར་སྔོན་ཁབ་ཐོབ་ཡོད། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་གྲངས་ ༣༧༧ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༡༨༦ དང་། བུད་མེད་གྲངས་ ༡༩༡ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༡༠༣ དང་ཆུང་ཤོས་དེ་བྱིས་པ་ལོ་ ༢ ཡིན། སྟབས་མ་ལེགས་པ་ཞིག་ལ་སྐྱེས་པ་རང་ལོ་ ༦༢ སོན་པ་ཞིག་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་འདུག
ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༨༧༥༤ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༨༢༣༥། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༦༤། ད་ལྟའི་ཆར་རྒྱ་གར་ནང་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༣༥༥ ཡོད། སྤྱིར་རྒྱ་གར་དང་ཡུ་རོབ། ཨ་རི་སོགས་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་འདུག་པར་བརྟེན་ཚང་མས་ཡིད་གཟབ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ལྷག་པར་ནད་ཡམས་ཁྱབ་བརྡལ་བཀག་འགོག་སླད་མུ་མཐུད་སྔོན་འགོག་གི་ཐབས་ལམ་ཁག་སྟེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་སོགས་གསུངས་གྲུབ་མཚམས་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ལམ་སྟོན་གནང་དོན། ཉེ་ཆར་ཨོ་མི་ཀྲོན་ (Omicron) ཞེས་པའི་ནད་ཡམས་ཐོན་ཏེ་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་ཧ་ཅང་མང་པོ་འཕར་ཡོད། འོན་ཀྱང་ད་ལྟའི་ཆར་ནད་གཞི་ཕོག་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་འདུག དེ་བཞིན་རྒྱ་གར་ནང་དུའང་རིམ་བཞིན་ཏོག་དབྱིབས་ནད་པའི་གྲངས་འབོར་ཉུང་དུ་འགྲོ་ཡི་ཡོད་པའི་གནས་སྟངས་ཆགས་འདུག འདས་པའི་ཆུ་ཚོད་ ༢༤ ནང་རྒྱ་གར་དུ་ནད་གཞི་གསར་པ་ཕོག་མཁན་མི་གྲངས་འབུམ་གཅིག་དང་སྟོང་ཕྲག་བདུན་ཅུ་དོན་གཉིས་བྱུང་འདུག
སྤྱིར་ནད་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་ནའང་མུ་མཐུད་གཟབ་གཟབ་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག དེ་སྔ་ནས་ཐེངས་མང་པོ་ཞུས་ཟིན་པ་ལྟར་སྔོན་འགོག་གི་ཐབས་ལམ་ཡག་ཤོོས་ནི་སྔོན་འགོག་གི་སྨན་ཁབ་དེ་ཆགས་ཀྱི་ཡོད་པར་བརྟེན་སྨན་ཁབ་བསྐྱོན་མེད་པ་ཡིན་ན་ངེས་པར་དུ་བསྐྱོན་རོགས། ནད་རླབས་གསུམ་པའི་སྐབས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གཅིག་ཙམ་མ་གཏོགས་གཞིས་ཆགས་ཆེ་ཁག་ནང་དཀའ་ངལ་ཤུགས་ཆེ་རིགས་འཕྲད་མེད། འོན་ཀྱང་ད་ལྟའི་དུས་སུ་མི་མང་དག་ཅིག་གུང་གསེང་དང་དགུན་ཚོང་སོགས་ནས་རང་ཁྱིམ་དུ་ཕེབས་མཁན་ཡོད་སྟབས། ནད་ཡམས་ཕོག་མཁན་མང་དུ་འགྲོ་བའི་ཉེན་ཁ་ཡོད་པར་བརྟེན་ནད་རྟགས་ཡོད་མེད་ལ་མ་ལྟོས་པར་ས་གནས་ཀྱི་ཁྲིམས་སྒྲིག་ཁག་ངེས་པར་དུ་ལག་བསྟར་གནང་རོགས་ཞེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༩༧ དེ་མཇུག་སྒྲིལ་གནང་ཡོད། །