༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུ ས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟ ན་འཕེལ་མཆོག་འབྲས་ལྗོངས་ས་གནས་ ལུགས་གཤའ་མར་བདེ་བར་གཤེགས་པ་༧སྐྱ བས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ འི་དགོངས་རྫོགས་མཆོད་འབུལ་ཐོག་ ཆེད་བཅར་དང་། གང་གི་ཞལ་སློབ་དང་སྐུ་འཁོར་བཅས་ ལ་ཐུགས་གསོ་ཞུས་གནང་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི ་ཚེས་ ༧ ཉིན་རྒྱལ་ས་ལྡི་ལི་ནས་འབྲས་ལྗོ ངས་པཱ་སྐྱོང་ (Pakyong) གནམ་ཐང་དུ་ཕེབས་འབྱོར་མཚམས། འབྲས་ལྗོངས་མངའ་སྡེའི་ནང་སྲིད་ ལས་ཁུངས་ཀྱི་སྐུ་ཚབ་སྐུ་ཞབས་ནཱ་ རཱ་ཡན་ པར་དྷན་ (Narayan Pradhan) ལགས་དང་། ས་གནས་འཐུས་ཚོགས་ཀྱི་གཙོ། ས་གནས་འགོ་འཛིན་གྱི་ལས་དྲུང་། ས་གནས་ཆུ་སྒང་ཚོགས་གཙོ་སོགས་ནས་ ཕེབས་བསུའི་སྣེ་ལེན་དང་། དེ་བཞིན་གནམ་ཐང་ (VIP lounge) ནང་དེ་གའི་གནམ་ཐང་འགན་འཛིན་བཅས་ ནས་ཕེབས་བསུའི་སྣེ་ལེན་གནང་བ་ དང་། དེ་ནས་འབྲས་ལྗོངས་སྒང་ཏོག་བོད་ ཀྱི་གསོལ་མགྲོན་ཁང་དུ་ཕེབས་འབྱོ ར་མཚམས། ས་གནས་དགོན་སྡེ་ཁག་གི་སྐུ་ཚབ་ དང་། ས་འཐུས་ཚོགས་གཞོན་གཙོས་འཐུས་མི་ ཁག་ཅིག རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་དབུས་གཙང་དང་མདོ་སྨད་ཆོལ་ ཁའི་ཚོགས་གཙོ་དང་། ས་གནས་གཞོན་ནུ་ཚོགས་པ་དང་། བུད་མེད་ཚོགས་པའི་ཚོགས་གཙོ་དང་ ཚོགས་གཞོན། ས་གནས་འགོ་འཛིན་ལས་ཁུངས་ཀྱི་འབྲེ ལ་ཡོད་ལས་བྱེད་བཅས་ནས་ཕེབས་བསུ འི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོ ད།
དེ་ཉིན་དགོང་མོར་ས་གནས་རང་བདེན་ ཚོགས་ཆུང་དང་། ས་གནས་ཆོལ་ཁ་གསུམ། ས་གནས་གཞོན་ནུ་ཚོགས་པ་དང་། བུད་མེད་ཚོགས་པ་བཅས་ཚོགས་པ་ཁག་ དྲུག་གི་ཚོགས་གཙོ་ཚོགས་གཞོན་སོ གས་ལྷན་འཛོམས་ཀྱིས་དཔལ་ལྡན་བོད་ མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ ལ་དགོང་དྲོའི་གསོལ་སྟོན་བཤམས་པ་ དང་། སྐབས་དེར་རྒྱ་གར་དབུས་གཞུང་གི་ གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ ཚོགས་མི་རིན་ཆེན་ལྷ་མོ་ (Smt. Rinchen Lhamo, Member of the National Commission For Minorities, Government of India) ལགས་དང་། འབྲས་ལྗོངས་གཞུང་གི་ལས་བྱེད། གཞན་ཡང་འབྲེལ་ཡོད་ལས་བྱེད་ཁག་ཅི ག་བཅས་ཆེད་བཅར་གནང་འདུག
ཕྱི་ཚེས་ ༨ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་འབྲས་ལྗོངས་ས་གནས་ལུགས་གཤའ་ མར་ཞིང་གཤེགས་༧སྐྱབས་རྗེ་རྡོ་གྲུ བ་ཆེན་རིན་པོ་ཆེའི་དགོངས་རྫོགས་ མཆོད་འབུལ་དང་། དེ་བཞིན་གང་གི་ཞལ་སློབ་དང་སྐུ་ འཁོར་བཅས་ལ་ཐུགས་གསོ་བཅས་ཀྱི་སླ ད་ཆེད་བཅར་གནང་སྐབས། མཆོད་རྟེན་དགོན་པའི་ཚོགས་གཙོ་ལ་ ཆུང་སྤྲུལ་སྐུ་རིན་པོ་ཆེ། འབྲས་ལྗོངས་མངའ་སྡེའི་གཞུང་གི་ ཆོས་དོན་ལྷན་ཁང་གི་དྲུང་ཆེ་སྐུ་ ཞབས་པ་སངས་ཌི་པེམ་བུ་ (Dr. Passang D. Phempu, Secretary of Ecclesiastical Department) ལགས་དང་། ཞིང་གཤེགས་དམ་པའི་སྐུ་སྒེར་དྲུ ང་ཡིག་བླ་མ་དཀོན་མཆོག་ཡོན་ཏན་ ལགས། མཆོད་རྟེན་དགོན་པའི་དགེ་རྩ་ཚོ གས་པའི་དགེ་རྩའི་མ་དངུལ་དོ་དམ་ པ་སྐུ་ཞབས་སི་ཨེལ་འབྲས་ལྗོངས་པ་ (C.L. Denzongpa, Trustee, Dodrupchen Chorten Trust) སོགས་ནས་ཕེབས་བསུའི་སྣེ་ལེན་ གནང་ཡོད།
དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གི ས་བདེ་བར་གཤེགས་པ་༧སྐྱབས་རྗེ་རྡོ ་གྲུབ་ཆེན་སྐུ་ཕྲེང་བཞི་པ་འཇི གས་མེད་ཐུབ་བསྟན་འཕྲིན་ལས་དཔལ་ བཟང་པོ་མཆོག་གི་སྐུ་གདུང་རིན་པོ ་ཆེའི་མདུན་དུ་ཕྱག་འཚལ་དང་། སྣང་གསལ་ཞལ་ཕྱེ། མཇལ་དར་ཕུལ་བ་དང་གསོལ་འདེབས་སྨོ ན་ལམ་བཅས་ཞུས་རྗེས། གཟིམ་ཆུང་གི་ཚོམས་ཆེན་དུ་གོང་གི ་གནད་ཡོད་མི་སྣ་རྣམས་ལྷན་འཛོམས་ སར་བོད་མི་མང་སྤྱི་འཐུས་ལྷན་ཚོ གས་ཀྱི་ཐུགས་གསོའི་ཡིག་ཆུང་དང་། དགོངས་རྫོགས་མཆོད་འབུལ་དོད་བཅས་ ཕུལ་ཏེ། གང་གི་འབྲེལ་ཡོད་ཞལ་སློབ་ཡོངས་ ལ་ཐུགས་གསོ་ཞུས་པ་དང་། ༧སྐྱབས་རྗེ་བདེ་བར་གཤེགས་པའི་ཐུ གས་ཀྱི་དགོངས་བཞེད་རྣམས་མུ་མཐུ ད་ཐུགས་ཁུར་བསྐྱེད་བཞེས་དགོས་ པའི་ཞབས་སྐུལ་བཅས་ཞུས་གནང་ཡོད།
སྐབས་དེར་༧སྐྱབས་རྗེ་ཞིང་གཤེ གས་དམ་པའི་སྐུ་སྒེར་དྲུང་ཡིག་བླ ་མ་དཀོན་མཆོག་ཡོན་ཏན་ལགས་ནས་༧སྐྱ བས་རྗེ་རིན་པོ་ཆེ་མཆོག་དགོངས་པ་ ཇི་ལྟར་རྫོགས་ཚུལ་དང་། གང་གི་ཞལ་སློབ་གཙོ་བོ་ཁག་དང་འབྲེ ལ་ཡོད་ཚང་མས་དགོངས་མཐུན་བྱུང་བ་ བཞིན་སྐུ་གདུང་རིན་པོ་ཆེ་དུས་ཇི ་སྲིད་བར་བཞུགས་སུ་གསོལ་རྒྱུ་ཡི ན་གནས་སྐོར་དང་། ༧སྐྱབས་རྗེ་ཞིང་གཤེགས་དམ་པའི་ དགུང་ཞག་ཆ་ཚང་འབྲས་ལྗོངས་མངའ་ གཞུང་ནས་འགྲོ་གྲོན་དང་། གོ་སྒྲིག་གི་འགན་བཞེས་བཞིན་ཡོད་ པ། འབྲས་ལྗོངས་ཀྱི་དགོན་ཆེན་ཁག་དྲུ ག་ནས་བདུན་ཕྲག་རེར་དགོངས་རྫོགས་ མཆོད་འབུལ་རེས་མོས་འཚོགས་ཀྱི་ཡོ ད་པ་བཅས་གསུངས་གནང་བ་དང་། དེ་བཞིན་ས་གནས་བོད་མིའི་ཚོགས་པ་ ཁག་དྲུག་ནས་དགོངས་རྫོགས་མཆོད་ འབུལ་སྐབས་མཆོད་པའི་ཞལ་བཟས་བཞེ ངས་གནང་བ་སོགས་གང་ལེགས་གནང་བར་ མངའ་གཞུང་དང་འབྲེལ་ཡོད་ཚང་མར་ཐུ གས་རྗེ་ཆེ་ཞུས་གནང་ཡོད། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་ དེ་གའི་གཙུག་ལག་ཁང་དུ་དགོངས་རྫོ གས་མཆོད་འབུལ་ཚོགས་བཞིན་པར་མཇལ་ ཁ་ཞུས་གནང་ཡོད།
ཉིན་རྒྱབ་རྣམ་རྒྱལ་བོད་ཀྱི་ཤེས་ རིག་ཉམས་ཞིབ་ཁང་དུ་ཆེད་བཅར་གྱི ས་འགྲེམས་སྟོན་ཁང་དུ་སྐུ་རྟེན་ རྙིང་པ་དང་། ཞལ་ཐང་། བཀའ་བསྟན་འགྱུར། གསུང་འབུམ་ཁག གཞན་ཡང་ལོ་རྒྱུས་དང་འབྲེལ་བའི་ དངོས་རྫས་སོགས་ལ་ཞིབ་མཇལ་ཞུས་པ་ དང་། དེ་ནས་རྣམ་རྒྱལ་གསོ་རིག་མཐོ་སློ བ་ཁང་དུ་ཆེད་ཕེབས་གནང་སྟེ། དེ་གའི་བརྟག་དཔྱད་ཁང་དང་། གསོ་བཅོས་ཁང་། སྨན་སྦྱོར་གནང་སར་བཅས་ལ་གཟིགས་ སྐོར་ཕེབས་ཤིང་། དེ་གའི་འགན་འཛིན་གཞོན་པ་ཆོས་སྐྱི ད་ལགས་དང་། སྨན་དགེ་བཅས་ནས་གསོ་རིག་མཐོ་སློ བ་ཁང་གི་ལས་འཆར་སོགས་ངོ་སྤྲོད་ གནང་རྗེས། གུ་རུ་ལྷ་ཁང་བཅས་ལ་མཆོད་མཇལ་ཕེ བས་གནང་ཡོད།
ཕྱི་ཚེས་ ༩ ཉིན་སྔ་དྲོ་འབྲས་ལྗོངས་མངའ་སྡེ འི་གཞུང་གི་ནང་སྲིད་ལས་ཁུངས་ཀྱི ་སྐུ་ཚབ་དང་། གནམ་ཐང་གི་འགན་འཛིན། ས་འཐུས་ཚོགས་གཙོ། ལས་དྲུང་བཅས་ནས་འབྲས་ལྗོངས་པཱ་ སྐྱོང་ གནམ་ཐང་ནས་ཕེབས་སྐྱེལ་གནང་སྟེ། རྒྱལ་ས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༡༠ ཉིན་སྔ་དྲོ་བཞུགས་སྒར་དུ་ཕེབས་ འབྱོར་གནང་ཡོད་པ་བཅས། །