
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི ་ཚེས་ ༡༡ ཉིན་རྒྱལ་ས་ལྡི་ལིར་མཉམ་འཛོམས་ གནང་རྒྱུ་དང་། ཕྱི་ཚེས་ ༡༢ ཉིན་ལྡི་ལི་ནས་སིམ་ལར་ (Shimla) ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༣ ནས་ ༡༤ བར་ཉིན་གཉིིས་རིང་སིམ་ལ་ཁྱབ་ཁོ ངས་སུ་ལས་རིམ། ཕྱི་ཚེས་ ༡༥ ནས་ ༢༠ བར་རིམ་པས་གོང་འཁོད་གཞིས་ཆགས་ གཞན་ཁག་ལ་ལས་རིམ། ཕྱི་ཚེས་ ༢༡ ཉིན་སྤུར་ཝ་ལ་ས་སྐྱ་གཞིས་ཆགས་ ནས་ཅན་རྡི་སྒར་ཕེབས་ཐོན་དང་། ཕྱི་ཚེས་ ༢༢ ནས་ ༢༤ བར་རིམ་པས་གོང་འཁོད་སུད་ཚོང་ས་ གནས་ཁག་ལ་ལས་རིམ། ཕྱི་ཚེས་ ༢༦ ཉིན་སོ་སོའི་བཞུགས་གནས་སུ་ཕེབས་ འབྱོར་གནང་རྒྱུ་ཡིན་པ་བཅས། །