༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ
སྐབས་དེར་ཧི་མ་ཅཱལ་ཀངྒ་ར་རྫོང་ སྡེ་ལས་ཁུངས་ནས་མགྲོན་འབོད་གནང་ དོན་ལྟར། མཛད་སྒོའི་སྐུ་མགྲོན་དུ་དཔལ་ལྡ ན་བོད་མི་མང་སྤྱི་འཐུས་ཚོགས་གཞོ ན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་ སྒྲོལ་དཀར་ལགས་རྣམ་གཉིས་ཆེད་ཕེ བས་གནང་བ་དང་། དེ་བཞིན་མཛད་སྒོའི་སྐུ་མགྲོན་ གཙོ་བོར་རྒྱ་གར་ཧི་མ་ཅཱལ་མངའ་སྡེ འི་གློག་གི་བློན་ཆེན་སྐུ་ཞབས་སུ ག་རམ་ཅའོ་དེ་རི་ (Shri Sukhram Chaudhary, Himachal Pradesh Power Minister) མཆོག་དང་། གཞན་སྐུ་མགྲོན་དུ་ ཀངྒ་ར་ཁྱབ་ཁོངས་རྒྱ་གར་དབུས་གཞུ ང་གི་གྲོས་ཚོགས་འོག་མའི་འཐུས་མི ་སྐུ་ཞབས་ཀི་ཤན་ཀཱ་པུར་ (Kishan Kapoor, Member of Parliament of Lok Sabha from Kangra) མཆོག རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ ཤལ་ནེ་རི་ཡ་ (Shri Vishal Nehria, MLA Dharamshala) ལགས་དང་། གཞན་མངའ་སྡེའི་གྲོས་ ཚོགས་འཐུས་མི་ཁག་ཅིག ཀངྒ་ར་རྫོང་དཔོན་སྐུ་ཞབས་ནི་པུ ན་ ཇིན་ཌལ་ (Dr.Nipun Jindal) ལགས། རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི ་ཁྱབ་སྐུ་ཞབས་ཨོན་ཀར་ནེ་རི་ཡ་ (Shri.Onkar Nehria,Mayor of Dharamshala Municipal Corporation) ལགས། རྡ་ས་ཉེན་རྟོག་དཔོན་སོགས་ཕེབས་ གནང་འདུག
དེ་ཡང་མཛད་སྒོའི་ཐོག་མར་སྐུ་མགྲོ ན་གཙོ་བོ་མཆོག་ནས་རྒྱ་གར་རྒྱལ་ དར་མཁའ་དབྱིངས་སུ་སྒྲེང་འཛུགས་ གནང་རྗེས། ཉེན་རྟོག་རུ་ཁག་གིས་རུ་སྒྲིག་གི ་ལམ་ནས་ཆེ་མཐོང་ཞུས་གནང་བ་དང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གི ས་མཛད་སྒོ་དང་འབྲེལ་བའི་གསུང་ བཤད་གནང་གྲུབ་མཚམས། ས་གནས་མི་ མང་ནས་རིག་གཞུང་འཁྲབ་སྟོན་གཟི གས་འབུལ་ཞུས་གནང་སོང་།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ དང་། གཞན་སྐུ་མགྲོན་ཁག་ཅིག དེ་བཞིན་ དཔལ་ལྡན་ཚོགས་གཞོན་མཆོག་ནས་ཀངྒ་ ར་རྒྱ་གྲམ་དམར་པོའི་ཚོགས་པ་ (Red Cross Society,Kangra) ཡིས་སྤྱི་ཚོགས་ཞབས་ཞུའི་ཆེད་གོ་ སྒྲིག་ཞུས་པའི་རྒྱན་ཤོག་འཐེན་ གནང་རྗེས་ཐེངས་འདིའི་མཛད་སྒོ་གྲོ ལ་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་དཔལ་ལྡན་ ཚོགས་གཞོན་མཆོག་གིས་སྐུ་མགྲོན་ གཙོ་བོ་རྒྱ་གར་ཧི་མ་ཅཱལ་མངའ་སྡེ འི་གློག་གི་བློན་ཆེན་སྐུ་ཞབས་སུ ག་རམ་ཅའོ་དེ་རི་མཆོག་དང་། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ ཀཱ་པུར་མཆོག རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ ཤལ་ནེ་རི་ཡ་ལགས་བཅས་ལ་འཚམས་འདྲི འི་མཇལ་དར་ཕུལ་བ་དང་། ཆབས་ཅིག་གཞིས་བྱེས་བོད་མི་ཡོངས་ དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ རྒྱ་གར་མང་གཙོའི་དུས་ཆེན་ལ་ འཚམས་འདྲི་ཞུས་གནང་སོང་བ་བཅས། །