༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༡ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ གཙོ་སྐུ་ཞབས་ཌེ་ཝི་ཌིས་སྭ་ལི་ (David Sassoli) མཆོག་དགུང་གྲངས་ ༦༥ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་དཔལ་ལྡན་བོད་མི་མང་སྤྱི་ འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་ བསྟན་འཕེལ་མཆོག་གིས་གཞིས་བྱེས་ བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་སྐུ་ཟླ་མཆོག་གིས་ གཙོས་ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོ ས་བཅས་ཡོངས་ལ་ཐུགས་གསོ་ཞུས་གནང་ འདུག
དམ་པ་ཁོང་གི་སྐུ་ཟླ་ཨེ་ལཱ་སན་ དར་ཝི་ཊོ་རི་ནི་ (Alessandra Vittorini) མཆོག་ལ་བསྐུར་བའི་ཐུགས་གསོའི་ འཕྲིན་ཡིག་ནང་འཁོད་དོན། སྐུ་ཞབས་ཌེ་ཝི་ཌིས་སྭ་ལི་ (David Sassoli) མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ ཐོས་འཕྲལ་ང་ཚོ་ཚང་མ་ཤིན་ཏུ་ནས་ བློ་ཕམ་བྱུང་། དམ་པ་ཁོང་ནི་འཛམ་གླིང་འདིའི་སྟེ ང་འགྲོ་བ་མིའི་རིགས་ཕན་ཚུན་གུས་ ཞབས་ལྡན་པ་ཡོང་རྒྱུ་དང་། རང་བྱུང་ཁོར་ཡུག་ལ་ཚང་མས་གཅེས་ སྐྱོང་བྱེད་ཐབས་སོགས་འཛམ་གླིང་ ཡར་རྒྱས་ཕྱོགས་ལ་འགྲོ་ཐུབ་རྒྱུ ར་ཡིད་ཆེས་ཆེན་པོ་གནང་མཁན་ཞིག་ དང་། རྒྱལ་ཁབ་ཁག་ཅིག་གི་ཁེ་ཕན་ཙམ་མ་ ཡིན་པར་ཚང་མའི་བདེ་དོན་ཡར་རྒྱས་ ཕྱོགས་སུ་འཁྲིད་རྒྱུའི་དཔལ་འབྱོ ར་འགྲོ་ལུགས་ལ་ཡིད་ཆེས་ཆེན་པོ་ གནང་མཁན་གྱི་ཚད་དང་ལྡན་པའི་ལྟ་ གྲུབ་ཡོད་པའི་དབུ་འཁྲིད་ཅིག་ཡི ན། དམ་པ་ཁོང་གིས་ཡུ་རོབ་སྤྱི་མཐུན་ རྒྱལ་ཁབ་ཀྱི་ཚོགས་མི་རྒྱལ་ཁབ་ ཁག་དང་། དེ་དག་གི་མི་མང་བཅས་ཀྱི་ཆེད་རང་ དོན་བློས་བཏང་གིས་ཞབས་འདེགས་ཧུ ར་ཐག་ཞུས་པ་རྣམས་ཚང་མས་རྟག་ཏུ་ དྲན་ངེས་ཡིན།
ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ གྲོས་ཚོགས་ནང་བོད་དོན་གླེང་སློ ང་དང་། རྒྱ་དམར་གཞུང་གིས་བོད་ནང་གཞི་རྩ འི་འགྲོ་བ་མིའི་ཐོབ་ཐང་རྡོག་རོ ལ་བཏང་བ་རྣམས་སྐབས་མཚམས་སོ་སོར་ ཐེར་འདོན་གནང་བ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༩ ཟླ་ ༤ པའི་ནང་ཡུ་རོབ་གྲོས་ཚོགས་སུ་རྒྱ ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ གི་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་དང་། ཡུ་གུར། ཀ་ཛཱག ཡེ་ཤུའི་ཆོས་པ་བཅས་གྲངས་ཉུང་མི་ རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི ་གནས་སྟངས་སྐོར་ཞིབ་ཕྲ་བཀོད་པའི ་གྲོས་ཆོད་ཅིག་བཞག་ཡོད་པ་མ་ཟད། གྲོས་ཆོད་ནང་རྒྱ་དམར་གཞུང་གིས་ བོད་གཙོས་པའི་རྒྱའི་བཙན་འོག་ཏུ་ ཡོད་པའི་གྲངས་ཉུང་མི་རིགས་རྣམས་ ལ་ཉེས་མེད་ཉེས་འགེལ་གྱི་བཙོན་ འཇུག་བྱ་རྒྱུ་འཕྲལ་དུ་འཚམས་འཇོ ག་དགོས་པའི་འབོད་སྐུལ་བཅས་ཞུས་ ཡོད། དེར་ང་ཚོ་བོད་མི་ཚོས་ཐུགས་རྗེ་ ཆེ་ཞུ་རྒྱུ་ཡིན།
ངས་སླར་ཡང་ཁྱེད་ནང་མི་ལྷན་རྒྱས་ ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོ ད་འདུག་པ་བཅས། །