༄༅། །འདི་གར་མན་སྤར་ཕན་བདེ་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་དབུས་གཞུང་ནས་ཕྱི ་ལོ་ ༢༠༢༢ ཟླ་ ༡ ཚེས་ ༣ ཉིན་ནས་བཟུང་ཕྲུ་གུ་ལོ་ན་ ༡༥ ནས་ ༡༨ བར་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་བརྒྱ བ་རྒྱུ་ཡིན་སྐོར་གྱི་གསལ་བསྒྲ གས་ཤིག་སྤེལ་བ་ལྟར། ཕྱི་ཚེས་ ༤ ཉིན་ནས་བཟུང་ཀམ་ལེཤ་ཝར་པུར་ (Kamleshwarpur) ས་གནས་གཞུང་གི་སྨན་ཁང་ནས་ལམ་སྟོ ན་དང་མཐུན་འགྱུར་འོག་མན་སྤར་ཕན་ བདེ་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་ནས་ས་གནས་སུ་ཡོད་པའི་གྲྭ ་པ་དང་སློབ་ཕྲུག་ལོ་ན་ ༡༥ ནས་ ༡༨ བར་ལ་ཏོག་དབྱིབས་གཉན་རིམས་ཀྱི་ སྔོན་འགོག་སྨན་ཁབ་རྒྱག་འགོ་བཙུགས་ཡོད།
དེ་ཡང་སྔོན་ཁབ་བརྒྱབ་ཕྱོགས་ཀྱི་ སྒྲིག་གཞི་གཞིར་བཟུང་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་རྗེ ས་སྐར་མ་བཅོ་ལྔ་ཙམ་རིང་ཚབས་ཆེའི ་ཞོར་ཕོག་རིགས་ཡོང་མིན་བརྟག་ཞིབ་འོག་བཞག་ཡོད་པ་ བཅས།།