༄༅། །འདི་གར་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་དང་རྒྱལ་ལྡོང་ཕུར་བུ་རྡོ་རྗེ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༣༡ ཉིན་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡ ཉིན་ཀྲུ་ཀྲིང་ས་གནས་སུ་ཕེབས་ཐོན་གནང་ཡོད།
འདི་གཞིས་སུ་མི་མང་ལ་གཏམ་བཤད་དང་དྲི་བ་དྲིས་ལན་ཚོུད་གཉིས་ལྷག་གནང་རྗེས་ས་གནས་ཀྱི་གནད་ཡོད་མི་སྣ་ལྷན་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ་བསམ་ཚུལ་བརྗེ་རེས་ལྷུག་པོ་གནང་། དེ་བཞིན་ས་གནས་ཀྱི་སྡེ་ཚན་ཁག་ཡོངས་ལ་འཚམས་གཟིགས་གནང་བ་དང་དམིགས་བསལ་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ཡོད་པ་བཅས། །