༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཨཱ་ནྣཏ་ཀུ་མཱར་ (Prof. Anand Kumar) ལགས་ཀྱི་སྐུ་ཟླ་ལྕམ་སྐུ་མཱན་ཇུ་ལ་རཱ་ཋོར་ (Smt. Manjula Rathore) ལགས་རྒྱ་གར་གྱི་གོ་ཝཱ་མངའ་སྡེའི་ནང་འདས་གྲོངས་སུ་གྱུར་པར་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བའི་བདེ་དོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༣ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༥ ནས་ ༦།༣༠ བར་ཨ་ཏི་ཤའི་ཚོགས་ཁང་དུ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད།
སྐབས་དེར་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་མཆོག་གི་སྐུ་ཚབ་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གཱི་ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སུ་རེནྡྲ་ཀུ་མཱར་ (Surendra Kumar) ལགས། བྷི་ཧར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་འབུམ་རམས་པ་ཧ་རིན་ཌར་ཀུ་མར་ (Dr Harendra Kumar) ལགས་དང་དངུལ་གཉེར་འབུམ་རམས་པ་བྷྲེ་ཇེཤ་ (Brajesh) ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས། ཝར་ཎ་མཐོ་སློབ་ཀྱི་དགེ་ལས་སློབ་གཉེར་བ་སོགས་མཉམ་ཞུགས་གནང་ཡོད་པ་བཅས། །