༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༢ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་དང་། དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་མཆོག་རྣམ་གཉིས་ཀྱིས་མོན་གྷོ་འདོད་རྒུ་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་གི་ནད་པ་འདྲེན་འཁོར་(Ambulance) གསར་པ་དབུ་འབྱེད་གནང་ཡོད།
དེ་ཡང་ནད་པ་འདྲེན་འཁོར་གསར་ཉོ་སླད་མོན་གྷོ་འདོད་རྒུ་གླིང་བོད་མིའི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་ཇར་མན་རོགས་ཚོགས་ (German Aids to Tibetan) ལ་རེ་སྐུལ་ཞུས་དོན་ལྟར་རོགས་དངུལ་གནང་བ་ཞིག་ཡིན་འདུག་པ་དང་དབུ་འབྱེད་མཛད་སྒོའི་ཐོག་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་སོགས་མཉམ་ཞུགས་གནང་ཡོད་པ་བཅས། །
མོན་གྷོ་འདོད་རྒུ་གླིང་བོད་མིའི་ས་གནས་འགོ་འཛིན་གྱིས་ས་གནས་འཕྲོད་བསྟེན་སྨན་ཁང་གི་ནད་པ་འདྲེན་འཁོར་གསར་པ་དབུ་འབྱེད་གནང་བ།
གསར་གནས།
འབྲེལ་གནས།